ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

རིམས་འགོག་སྨན་ཁབ་མ་རྒྱབ་ན་སློབ་གྲྭར་འགྲོ་མི་ཆོག་ཟེར་བ་བདེན་ནམ།

སྤེལ་དུས 2022-02-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

           སྤྱི་ཟླ་2པའི་ཚེས་13ཉིན། པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས་གནས་ཚུལ་གྱི་གསལ་བཤད་སྤེལ་ཏེ།  བཙན་ཐབས་ཀྱིས་རིམ་འགོག་སྨན་ཁབ་རྒྱག་པའམ་ཡང་ན་རིམས་འགོག་སྨན་ཁབ་བརྒྱབ་མིན་དེ་ཕྲུ་གུ་སློབ་གྲྭ་དང་བུ་བཅོལ་ཁང་གི་རྒྱུན་ལྡན་གྱི་སློབ་གསོ་སློབ་ཁྲིད་བྱ་འགུལ་ནང་ཞུགས་ཆོག་པའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩི་བར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་སླར་ཡང་ནན་སྟོན་བྱས་ཡོད།

           གསལ་བཤད་ནང་། རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཁྲོད། པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས་ངེས་པར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་གཟབ་ནན་དང་བདེ་འཇགས་ཚད་ལྡན་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱས་ཏེ། ནད་ཡམས་ཚོད་འཛིན་སྡེ་ཁག་གིས་མཛུབ་སྟོན་དང་གྲོས་འགོའི་འོག བརྟན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཕྲུ་གུའི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཨང་དང་པོར་བཞག་སྟེ། གནས་ཚུལ་ཤེས་པ་དང་མོས་མཐུན་ཡོད་པ། རང་མོས་བཅས་ཀྱི་གཞི་རྩའི་རྩ་དོན་གཞིར་བཟུང་ནས་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་དགོས་པ། བཙན་ཐབས་ཀྱིས་རིམས་འགོག་སྨན་ཁབ་རྒྱག་པའམ་ཡང་ན་རིམས་འགོག་སྨན་ཁབ་བརྒྱབ་མིན་དེ་ཕྲུ་གུ་སློབ་གྲྭ་དང་བུ་བཅོལ་ཁང་གི་རྒྱུན་ལྡན་གྱི་སློབ་གསོ་སློབ་ཁྲིད་བྱ་འགུལ་ནང་ཞུགས་ཆོག་པའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩི་བར་ངོ་རྒོལ་བྱ་རྒྱུ་ཡིན་ལ། དེའི་ནང་རིམས་འགོག་སྨན་ཁབ་མ་རྒྱབ་པའི་ཕྲུ་གུ་སློབ་གྲྭར་ཞུགས་མི་ཆོག་པ་དང་། རིམས་འགོག་སྨན་ཁབ་མ་རྒྱབ་པའི་ཕྲུ་གུས་ཆུ་ཚོད་48རེར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་དཔང་ཡིག་རེ་མ་སྤྲད་ཚེ་སློབ་གྲྭར་ཞུགས་མི་ཆོག་པ་སོགས་ཀྱི་བླང་བྱ་ཚུད་ཡོད་ཅེས་བསྟན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།