ཐོབ་ཐང་ལག་ཁྱེར་ལ་ད་ལོ་འགྱུར་ལྡོག་འདི་འདྲ་གཏོང་རྒྱུ་རེད་འདུག
སྤེལ་དུས 2022-03-15
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ།
ཟླ་3ཚེས་11ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་གྲོལ་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཐོག་སོ་གསུམ་པའི་གསེར་མདོག་ཚོམས་ཆེན་དུ་གསར་འགོད་པའི་ཚོགས་འདུར་ཞུགས་ནས། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
ཐོབ་ཐང་ལག་ཁྱེར་ད་ལོ་གློག་རྡུལ་ཅན་ལ་འགྱུར་རྒྱུ་ཡིན་པ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གསུངས་དོན།
གཞི་རྩའི་དམངས་འཚོ་དང་རྒྱུན་གཏན་གྱི་འཚོ་བ་འབྲེལ་བ་དམ་ཟབ་ཡོད། ང་ཚོར་ཞིང་ཆེན་སྒྲོལ་མཁན་མི་དུང་ཕྱུར་གཅིག་ལྷག་ཙམ་ཡོད་པ་དེ་དག་གིས་ས་ཆ་གཞན་དུ་ལས་ཞུགས་དང་། རྒན་གསོ། སློབ་ཞུགས་བྱེད་པར་ཕར་འགྲོ་ཚུར་འོང་ཐེངས་མང་བྱེད་དགོས་པས། ཞིང་ཆེན་བསྒྲལ་ནས་ལས་ཀ་བསྒྲུབ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར་ཡོད། ང་ཚོས་ད་ལོ་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་མི་རྣམས་ཀྱིས་རྒྱུན་དུ་སྤྱོད་པའི་ཐོབ་ཐང་ལག་ཁྱེར་གློག་རྡུལ་ཅན་ལ་བཟོ་རྒྱུ་དེ་རེད། མདོར་བསྡུས་ནས་བརྗོད་ན། ཁྱེད་ཀྱིས་ལག་ཐོགས་ཁ་པར་ནས་འབྲེལ་ཡོད་དོན་དག་སྒྲུབ་པའི་རྩ་གཉིས་ཨང་རྟགས་བཤེར་ཚེ་ཐད་ཀར་སྒྲུབ་ཐུབ་ཀྱི་ཡོད། ཡིན་ནའང་། ང་ཚོས་རིག་ནུས་ལག་ཐོགས་ཁ་པར་མི་སྤྱོད་མཁན་དང་། ལྷག་པར་དུ་རྒན་རྒོན་ལ་སྟབས་བདེ་བསྐྲུན་དགོས་ལ། སྤྱི་དམངས་ཀྱི་ཆ་འཕྲིན་གྱི་བདེ་འཇགས་དང་གསང་བ་ལའང་འགན་ལེན་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།