▶ཆབ་མདོ་མེ་ཟོན་རུ་མིས་ཉེན་གྱར་བ་ཞིག་བདེ་བླག་ངང་བསྐྱབས་པ་རེད།
སྤེལ་དུས 2022-03-15
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཉེ་ཆར། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ3པའི་ཚེས10ཉིན་གྱི་ཆུ་ཚོད10དང་སྐར་མ47ཐོག་ཆབ་མདོ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་བཀོད་འདོམས་ལྟེ་གནས་ལ་ཉེན་བརྡ་འབྱོར་ནས། ཨར་ལས་མི་སྣ་ཞིག་ཁ་རུབ་ཆུས་ཧྲེན་ཀྲེན་ལམ་སི་ཁྲོན་ཟམ་པའི་ཆུ་གྲྭ་རྙིང་པའི་མདོང་ལམ་ནང་དུ་ལུས་ཡོད་ཅེས་བཤད། དེ་རྗེས་ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་འཕྲལ་མར་འབྲེལ་ཡོད་སྡེ་ཚན་ཁག་གི་རོགས་སྐྱོབ་སྟོབས་ཤུགས་དང་མཉམ་སྒྲིལ་བྱས་ཏེ། སྔ་རྗེས་སུ་ས་གནས་ས་ཐོག་ཏུ་འབྱོར་མཐར་སྐར་མ15ཡི་རིང་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་པ་བརྒྱུད་ཉེན་གྱར་བ་དེ་བདེ་བླག་ངང་བསྐྱབས་པ་དང་ཤི་རྨས་ཀྱི་གནས་ཚུལ་གང་ཡང་བྱུང་མེད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།