ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

མྱུར་སྐྱེལ་ཐུམ་སྒྲིལ་ཐོག་གི་འཚོལ་ཡིག་འདི་དག་ལ་ཡིད་འཇོག་གནང་རོགས།

སྤེལ་དུས 2022-03-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
ཕྲུ་གུ་འཚོལ་ཡིག་སྤྱིན་ཐག་ལ་ཕབ་ཅིང་།
སྤྱིན་ཐག་གིས་མྱུར་སྐྱེལ་ཐུམ་སྒྲིལ་བསྡམས་ཀྱི་ཡོད་པས།
མྱུར་སྐྱེལ་ཐུམ་སྒྲིལ་འཚོལ་ཡིག་ཏུ་གྱུར་ཅིང་།
བོར་བརླག་ཤོར་བའི་ཕྲུ་གུ་དག་རང་ཁྱིམ་ལ་ལོག་ཐུབ་པའི་རེ་བ་ཞིག་ཡིན།

ལོ་63ལ་སོན་པའི་ཀྲུའུ་ཀྲུང་ཝེ་ནི་དམག་ལོག་ཅིག་ཡིན་ཞིང་།
2013ལོ་ཁེ་ལས་ནས་ཐོན་ཏེ།
མྱུར་སྐྱེལ་ས་ཚིགས་ཤིག་གཉེར་འགོ་ཚུགས་པ་རེད།
ཉེ་བའི་ལོ་ཤས་རིང་།
ཕྲུ་གུ་བོར་བརླག་བྱུང་བའི་ཕ་མ་མང་པོས།
རྐང་ཐང་མར་གྲོང་ཁྱེར་སོ་སོར་འགྲིམས་ནས།
བུ་ཕྲུག་འཚོལ་བའི་བརྡ་ཡིག་སྦྱོར་བཞིན་པར་དོ་སྣང་བྱུང་བ་རེད།

ཁོང་གིས་རང་གི་མྱུར་སྐྱེལ་ས་ཚིགས་བརྒྱུད་དེ།
ཕ་མ་དེ་ཚོར་རོགས་རམ་བྱེད་ཐབས་ལ་བསམ་བློ་བཏང་བ་རེད།
ཁོང་གི་སེམས་སུ་འཚོལ་བརྡ་ཐུམ་སྒྲིལ་ལ་སྦྱར་རྒྱུ་དྲན་པ་རེད།
ཐུམ་སྒྲིལ་ཁྲི་ཕྲག་མང་པོར་འཚོལ་ཡིག་ཅན་གྱི་སྤྱིན་ཐག་སྦྱར་ན།
གྲོང་ཁྱེར་ཆེ་མ་ཆུང་གསུམ་ལ་འབྱོར་ཐུབ་པས།
སྟབས་བདེ་ལ་ཁྱབ་རྒྱ་ཆེ་བའི་དགེ་མཚན་ལྡན་པས།
ཕ་མ་དེ་ཚོར་ཕྲུ་གུ་འཚོལ་རོགས་བྱེད་ཐུབ་ངེས་སྙམ།
ཁོང་གིས་ཚོང་ཁང་ལ་འབྲེལ་བ་བྱས་ནས།
མྱུར་སྐྱེལ་ས་ཚིགས་6ལ་འཚོལ་ཡིག་ཅན་གྱི་སྤྱིན་ཐག་བཟོས་པ་རེད།
ད་ལོའི་སྤྱི་ཟླ་གསུམ་པ་ནས་བཟུང་།
ཁོང་གིས་འགན་ཁུར་པའི་མྱུར་སྐྱེལ་ས་ཚིགས་6ཏུ།
སྤྱིན་ཐག་འཚོལ་ཡིག་ཅན་སྤྱོད་འགོ་ཚུགས་ཡོད།

ཀྲུའུ་ཀྲུང་ཝེ་ན་རེ།
སྤྱིན་ཐག་འདི་དག་གིས།
བོར་བརླག་ཤོར་བའི་བུ་ཕྲུག་ཚོ།
ཕ་ཡུལ་ལ་ལོག་ཐུབ་པའི་རྐྱེན་དུ་འགྲོ་ཐུབ་པར་སྨོན།
དྲ་གྲོགས་ན་རེ། འདི་རིགས་རྒྱ་ཁྱབ་གཏོང་ཐུབ་པའི་རེ་བ་ཡོད།
འདིར་ང་ཚོས་ཀྱང་།
མྱུར་སྐྱེལ་ཐུམ་སྒྲིལ་ངོས་ཀྱི་འཚོལ་ཡིག་མཐོང་དུས།
སྐུ་ཉིད་ནས་ཀྱང་ཡིག་འཇོག་གནང་རོགས་ཞུ་རྒྱུ་ཡིན།
རྩོམ་སྒྲིག་པ། བདེ་སྒྲོན།