ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

སློབ་གསོ་པུས་སློབ་དེབ་ཀྱི་བར་བཅུག་རི་མོའི་དོན་རྐྱེན་ལ་ལན་སློག་པ།

སྤེལ་དུས 2022-05-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          སློབ་གསོ་པུའུ་ཡི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གི་སློབ་ཆུང་རྩིས་རིག་སློབ་དེབ་ཀྱི་བར་བཅུག་རི་མོར་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱས། སློབ་གསོ་པུའུ་ཡིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཞིབ་འཇུག་བྱས་པ་བརྒྱུད་གཏན་འབེབས་བྱས་པ་གཤམ་གསལ་ལྟར།
          དང་པོ། མི་དམངས་སློབ་གསོ་དཔེ་སྐྲུན་ཁང་ལ་འཕྲལ་དུ་བཅོས་སྒྲིག་བྱ་རྒྱུའི་འགན་སྤྲད་པ་སྟེ། བསྐྱར་དུ་ཆེད་ལས་སྟོབས་ཤུགས་རྩ་འཛུགས་བྱས་ནས་སློབ་དེབ་ཀྱི་བར་བཅུག་རི་མོ་འབྲི་བ་དང་། 2022ལོའི་སྟོན་ཀའི་སློབ་དུས་སུ་སློབ་དེབ་གསར་པ་སྤྱོད་ཐུབ་པར་འགན་ལེན་བྱེད་དགོས། སློབ་གསོ་པུའུ་ཡིས་ཆེད་མཁས་པའི་ཚོགས་པ་རྩ་འཛུགས་བྱས་ནས་ཞིབ་བཤེར་གཏན་འབེབས་དང་དཀའ་གནད་ཐག་གཅོད་ནན་མོ་བྱ་རྒྱུ། 
          གཉིས་པ། སློབ་གསོ་པུའུ་ཡིས་འཕྲལ་དུ་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱ་རྒྱུའི་བཀོད་སྒྲིག་བྱེད་པ་སྟེ། གཙོ་བོ་ནི་སློབ་དེབ་ཀྱི་ནང་དོན་དང་། བར་བཅུག་རི་མོ་སོགས་ཡིན་ལ། གནད་དོན་ཤེས་རྟོགས་བྱུང་རྗེས་འཕྲལ་དུ་བཅོས་སྒྲིག་བྱས་ནས་སློབ་དེབ་ནང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་རིན་ཐང་གི་ལྟ་བ་མཐའ་འཁྱོངས་བྱ་རྒྱུ་དང་། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་རྒྱུ། མང་ཚོགས་ཀྱི་མཛེས་དཔྱོད་གོམས་གཤིས་དང་མཐུན་པ་བྱ་རྒྱུ་བཅས་ཀྱི་འགན་ལེན་བྱེད་དགོས།
          གསུམ་པ། སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་གནད་དོན་མགྱོགས་མྱུར་སྒོས་ཡར་ཞུ་བྱེད་པའི་བརྒྱུད་ལམ་ཤར་གཏོང་བྱས་ནས། སྤྱི་ཚོགས་ལས་རིགས་ཁག་གིས་དུས་ཐོག་ཏུ་བསམ་འཆར་དང་གྲོས་འགོ་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་དང་། སློབ་གསོ་པུའུ་ཡིས་ཞིབ་འཇུག་ནན་ཏན་དང་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུ། སློབ་དེབ་གནད་དོན་ཡར་ཞུ་བྱ་ཡུལ་ཡིག་སྒམ་ནིjcwt@moe.edu.cnཡིན།