གཞུང་དངུལ་ལྐོག་ཟ་དང་སྒེར་སྤྱོད་སོགས་བྱས་པས། བསོད་ཕུན་ལ་་་
སྤེལ་དུས 2022-06-14
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ།
2022ལོའི་ཟླ་6ཚེས་9ཉིན། ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཁྲིམས་ར་ཡོངས་བསྒྲགས་ངང་འཚོགས་ནས། བོད་ལྗོངས་རྒྱལ་སྤྱིའི་ལུས་རྩལ་ཡུལ་སྐོར་ཀུང་སིའི་དེ་སྔའི་ཁྲིམས་མི་དང་སྤྱི་ཁྱབ་ཅིང་ལི་བསོད་ཕུན་གྱིས་ལྐོག་ཟ་ལྐོག་རྔན་བླངས་པ་དང་། གཞུང་དངུལ་སྒེར་སྤྱོད་བྱས་པའི་གྱོད་གཞིར་ཞིབ་གཅོད་བྱས་ཤིང་། ཁྲིམས་རར་ཞིབ་དཔྱོད་བྱེད་སྐབས། རྒྱང་རིང་གི་ཁྲིམས་རའི་རྣམ་པའི་ཐོག་ནས་འཚོགས་པ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་གྲོང་ཁྱེར་སྲིད་གྲོས་ཀྱིས་མི་སྣ་མངགས་ནས་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱས་པ་རེད།
ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་ཉེས་བགྲང་བྱས་དོན། ཞུ་སྦྱོར་ཕྱི་མ་བསོད་ཕུན་གྱིས་བོད་ལྗོངས་རྒྱལ་སྤྱིའི་ལུས་རྩལ་ཡུལ་སྐོར་ཀུང་སིའི་ཁྲིམས་མི་དང་སྤྱི་ཁྱབ་ཅིང་ལི་བྱེད་རིང་། གཞུང་དངུལ་སྒོར་ཁྲི་498.47ལྐོག་ཟ་བྱས་པ་དང་། ལྐོག་རྔན་སྒོར་ཁྲི་2264.403549བླངས་པ། གཞུང་དངུལ་སྒོར་ཁྲི་734.5སྒེར་སྤྱོད་བྱས་ཡོད་པ་རེད། དེར་བརྟེན། ལྐོག་ཟ་ལྐོག་རྔན་བླངས་པ་དང་གཞུང་དངུལ་སྒེར་སྤྱོད་བྱས་པའི་ཉེས་པའི་ཐོག་ནས་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས་ཡོད་པ་རེད།
འདྲི་གཅོད་བྱེད་སྐབས། ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་ཀྱི་དཔང་རྟགས་བཏོན་པ་དང་དཔང་སྟོན་ར་སྤྲོད་བྱས་རྗེས། གཏུག་བཤེར་དང་དག་འབུད་ཕྱོགས་གཉིས་ཀྱིས་རང་རང་ཀྱི་བསམ་འཆར་བཏོན་པ་དང་། ཞུ་སྦྱོར་ཕྱི་མ་བསོད་ཕུན་གྱིས་ཁྲིམས་རར་རང་ཉེས་ངོས་ལེན་བྱས་པ་མ་ཟད། ཁྲིམས་ཆད་དང་ལེན་བྱེད་ཀྱི་ཡིན་ཞེས་བཤད་པ་དང་འབྲེལ། ཐ་མའི་ཞུ་འབུལ་བྱས་ཡོད། གྱོད་གཞི་དེ་དུས་ཚོད་འོས་འཚམ་ཞིག་ལ་བཅད་ཁྲ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།