ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

པེ་ཅིང་གི“ཐེན་ཐང་སྒོ་རྩིས་ཚོང་ཁང་ཆང་ཁང”ལ་ཞིབ་བཤེར་བྱས།

སྤེལ་དུས 2022-06-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          པེ་ཅིང་ཉིན་རེའི་ཚགས་པར་གྱི་ཟླ6པའི་ཚེས14ཉིན་གྱི་གནས་ཚུལ་ལྟར་ན། མགྱོགས་མྱུར་སྒོས་ནད་དུག་ཁྱབ་མཆེད་བྱུང་བ་སྔོན་འགོག་བྱ་ཆེད། མྱུར་བ་མྱུར་དུ་གྲོང་ཁྱེར་ཡོངས་ཀྱི་ཆང་ཁང་དང་། མཚན་མོའི་རོལ་རྩེད་ཁང་། གླུ་གར་ཁང་། དྲ་ཁང་སོགས་རོལ་རྩེད་ཁྱབ་ཁོངས་ཁྱོན་ཡོངས་ནས་ཞིབ་བཤེར་ཆེན་པོ་བྱས་ནས། ས་འོག་ཏུ་ཡོད་པ་དང་ཚད་ལྡན་མིན་པའི་རོལ་རྩེད་བྱ་ཡུལ་ཚང་མའི་སྒོ་བརྒྱབ་པ་དང་། ས་ཁུལ་ཁག་གིས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ཏེ་མི་མང་འདུ་འཛོམས་བྱ་ཡུལ་ཚང་མར་མི་རེ་རེ་བཞིན་དུ་ལུས་དྲོད་འཇལ་བ་དང་། ཨང་རྟགས་བཤེར་བའི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་དགོས་པ་ལས། ཨང་རྟགས་སྟོན་པ་ཡིས་ཨང་རྟགས་བཤེར་བའི་ཚབ་བྱེད་མི་རུང་བ་དང་། ཆུ་ཚོད72ནང་ཚུན་གྱི་ཉིང་སྐྱུར་སྲིབ་གཤིས་དཔང་རྟགས་ལ་ཞིབ་བཤེར་བྱེད་པ་བཅས“ཕྱོགས་བཞིའི་འགན་འཁྲི”ལ་ཞིབ་བཤེར་བྱས་ཏེ། “ནང་དུ་འགྲོ་ན་ངེས་པར་དུ་ཨང་རྟགས་བཤེར་དགོས་པ་དང་། ཨང་རྟགས་བཤེར་ན་ངེས་པར་དུ་ཞིབ་བཤེར་ཐུབ་པ། མི་གཅིག་ཀྱང་མི་ལུས་པ་བཅས”འགན་ལེན་བྱས་ནས། ཐུན་མོང་ཐོག་རྒྱལ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲ་རྒྱ་བརྟན་པོ་བསྐྲུན་དགོས།
          “ཐེན་ཐང་སྒོ་རྩིས་ཚོང་ཁང་ཆང་ཁང”ནས་གཅིག་བསྡུས་རང་བཞིན་གྱི་ནད་ཡམས་བྱུང་བར་དམིགས་ནས། གྲོང་ཁྱེར་རིག་གནས་ཡུལ་སྐོར་དང་། འཕྲོད་བསྟེན། ཚོང་དོན། ཁྲོམ་རའི་ལྟ་སྐུལ་དོ་དམ། སྤྱི་བདེ། རིག་གནས་ཁྲིམས་འཛིན་སོགས་ལས་ཁུངས་ཁག་གིས་མཉམ་འབྲེལ་ཞིབ་བཤེར་ཚོ་ཆུང་བཙུགས་ཏེ། ཁྲིམས་ལྟར“ཐེན་ཐང་སྒོ་རྩིས་ཚོང་ཁང་ཆང་ཁང”གྱོད་ཐོ་བཀོད་དེ་ཞིབ་བཤེར་བྱས་པ་དང་། མྱུར་དུ་ཞིབ་བཤེར་ཐག་གཅོད་ནན་མོ་བྱ་རྒྱུ་རེད།