རྔ་བའི་ “འཆི་བདག་ལ་མི་སྐྲག་མཁན་”ཞེས་སུ་འབོད་པའི་ནག་ཅན་དེར་སྲོག་ཁྲིམས་ལག་བསྟར་བྱས་འདུག
སྤེལ་དུས 2022-06-16
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། 2022ལོའི་ཟླ་6ཚེས་15ཉིན་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྤྲད་པའི་སྲོག་ཐོག་གི་བཀའ་རྒྱ་ལྟར། ཉེས་ཅན་པ་བློ་བསྟན་ངོ་མ་ཡིན་མིན་ཞིབ་བཤེར་བྱས་ཤིང་ཁྲིམས་ལྟར་སྲོག་ཁྲིམས་ལག་བསྟར་བྱས། རྔ་བ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལས་དོན་མི་སྣ་མངགས་ནས་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས། ཁྲིམས་ཆད་ལག་བསྟར་མ་བྱས་གོང་དུ་ཉེས་ཅན་པ་བློ་བསྟན་དང་ནང་མི་ཐུག་འཕྲད་བྱེད་དུ་བཅུག་སྟེ་ཁྲིམས་ལྟར་ཞུ་གཏུག་འཁེལ་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་གང་ལེགས་བྱས།
དེའི་གོང་སྤེལ་བའི་གནས་ཚུལ།
“འཆི་བདག་ལ་མི་སྐྲག་མཁན”བློ་བསྟན་ལ་སྲོག་ཁྲིམས་ལག་བསྟར་བྱས་པ།
ཧྭ་ཤིས་གྲོང་ཁྱེར་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། བློ་བསྟན་གྱི་མིང་འདོགས་ལ“འཆི་བདག་ལ་མི་སྐྲག་མཁན”ཞེས་བརྗོད་ཀྱི་ཡོད། སྔོན་ཁོས་རྔ་བ་ཁུལ་རྔ་བ་རྫོང་དང་། ཁྱུང་མཆུ་རྫོང་། མཛོད་དགེ་རྫོང་སོགས་སུ་རྒྱུན་དུ་བྱ་ངན་སྤྱོད་ངན་སྤེལ་ནས་སྡོད་པ་དང་། མང་ཚོགས་ལ་བརྙས་བཅོས་དང་། བཙན་ཤེད་ཀྱིས་བུ་ལོན་བསྡུ་བ། རྒྱག་རེས་འཛིང་རེས་བཅས་བྱེད་པ་དང་ཐ་ན་མེ་མདའ་དང་ལག་འབོམ་འཁྱེར་ནས་ལོ་གཉིས་ཀྱི་རིང་ལ་བྲོས་བྱོལ་བྱས། མཐར་དྲག་ཆས་ཉེན་རྟོག་དང་སྤྱི་བདེ་མི་སྣ་160ཡིས་འཛིན་བཟུང་བྱས་པ་རེད།
ཞུ་གཏུག་འཁེལ་མི་བློ་བསྟན་ནི་2018ལོའི་ཟླ་4ཚེས་10ཉིན་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་གྱི་རྩྭ་ར་ཞིག་ནས་འཛིན་བཟུང་བྱས་པ་དང་། ཉེན་རྟོག་པས་ད་དུང་ཁོ་ཡིབ་སའི་གུར་ནས་མེ་མདའ་ཞིག་དང་། མདེའུ78 མདའ་ར་2 ལག་འབོམ1 བཅས་རྙེད།
བྱས་ཉེས་དུ་མ་བསགས་པར་ཉེས་ཆད་སྡེབ་གཅོད་བྱས་ཏེ་སྲོག་ཁྲིམས་ལག་བསྟར་བྱ་རྒྱུའི་ཐག་བཅད་པ་དང་། ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག

2019ལོའི་ཟླ་11ཚེས་3ཉིན་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་དེར་འདྲི་གཅོད་ཐེངས་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་སྟེ། ཞུ་གཏུག་འཁེལ་མི་བློ་བསྟན་གྱིས་རྐང་བཙུགས་ནས་མི་བསད་པའི་ནག་ཉེས་བསགས་པས་སྲོག་ཁྲིམས་གཅོད་རྒྱུ་དང་ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་པ། ཁྲིམས་འགལ་གྱིས་མེ་མདའ་དང་ལག་འབོམ་བདག་བཟུང་གི་བྱས་ཉེས་བསགས་པར་དུས་བཙོན་ལོ་གཉིས་ཀྱི་ཉེས་ཆད་གཅོད་རྒྱུ་དང་། བསྙད་རྐོ་ཟིང་སློང་གི་བྱས་ཉེས་བསགས་པར་དུས་བཙོན་ལོ་གསུམ་གྱི་ཉེས་ཆད་གཅོད་རྒྱུ། རྒྱན་འཇོག་གི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ལོ་གཉིས་དང་། ཤེས་བཞིན་དུ་རྒྱུ་ནོར་གཏོར་སྐྱོན་བཏང་བའི་བྱས་ཉེས་བསགས་པས་དུས་བཙོན་ལོ་གཉིས་ཀྱི་ཉེས་ཆད་གཅོད་རྒྱུ། བསྙད་འདོགས་རྒྱུ་ལེན་གྱི་བྱས་ཉེས་བསགས་པས་དུས་བཙོན་ལོ་བཅུ་གསུམ་དང་ཟླ་བ་དྲུག་གི་ཉེས་ཆད་བཅད་པ་མ་ཟད། དངུལ་ཆད་མི་དམངས་ཤོག་སྒོར་འབུམ་ལྔ་བཅད་པ་དང་། ཁྲིམས་འགལ་གྱི་ཐོབ་དངུལ་མི་དམངས་ཤོག་སྒོར་ཁྲི་བཞི་བཅུ་ཞེ་གཉིས་མུ་མཐུད་བདའ་འདེད་བྱས་ནས་གནོད་འཚེ་ཕོག་མཁན་ཚོར་ཕྱིར་སྤྲོད་དགོས་པ།ཁྲིམས་འགལ་གྱིས་བཀག་ཉར་བྱས་པའི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ལོ་གཉིས་བྱ་རྒྱུའི་ཁྲིམས་ཐག་བཅད་ཅིང་། བྱས་ཉེས་དུ་མ་བསགས་པར་ཉེས་ཆད་སྡེབ་གཅོད་བྱས་ནས་སྲོག་ཁྲིམས་ལག་ལེན་བསྟར་རྒྱུ་དང་། ཚེ་གང་གི་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པ་བཅས་ཀྱི་ཁྲིམས་ཐག་བཅད་པ་དང་།མི་དམངས་ཤོག་སྒོར་འབུམ་ལྔའི་དངུལ་ཆད་དང་། ཁྲིམས་འགལ་གྱི་ཐོབ་དངུལ་མི་དམངས་ཤོག་སྒོར་བཞི་འབུམ་ཉིས་ཁྲི་མུ་མཐུད་དུ་བདའ་འདེད་བཏང་ནས་གནོད་འཚེ་ཕོག་མཁན་ཚོར་སྤྲོད་དགོས་པའི་ཁྲིམས་ཐག་བཅད་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།