ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

“སྦྲུལ་འཛིན་”བྱ་སྤྱོད་སྤེལ་ཚུན་མི་192འཛིན་བཟུང་བྱས་པ།

སྤེལ་དུས 2022-06-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     གསར་འགོད་པས་སྤྱི་ཚེས་23ཉིན་འཚོགས་པའི་རྒྱལ་མཚམས་དང་མཐའ་མཚམས་དོ་དམ་ལ་གནོད་སྐྱོན་བཟོ་བའི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བའི་“མེང་རྔོན་བྱ་སྤྱོད་”ཞེས་པ་དང་།  “སྦྲུལ་འཛིན་བྱ་སྤྱོད་”ཅེས་པའི་བྲོས་འདེད་འཐབ་འཛིང་གི་འགག་སྒྲོལ་དམག་འཐབ་བཀོད་སྒྲིག་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་སྣེ་ཁྲིད་བྱས་པའི་རྒྱལ་མཚམས་དང་མཐའ་མཚམས་དོ་དམ་ལ་གནོད་སྐྱོན་བཟོས་ནས་བྲོས་བྱོལ་དུ་སོང་བའི་ཉེས་གསོག་དོགས་ཅན་གལ་ཆེན་འཛིན་བཟུང་གི་ཆེད་དོན་བྱ་སྤྱོད་དེ་ཚབ་མིང་ལ་“སྦྲུལ་འཛིན་”ཟེར་བ་སྤེལ་ཡོད་པ་དང་།  སྤྱི་ལོ་2021ལོའི་ཟླ་9པར་བྱ་སྤྱོད་སྤེལ་འགོ་ཚུགས་ནས། ད་ལྟའི་བར་བྲོས་བྱོལ་དུ་སོང་བའི་མི་སྣ་གལ་ཆེན་192འཇུག་བཟུང་བྱས་ཡོད། དེའི་ནང་མངའ་ཁོངས་ནང་ཁུལ་གྱི་བྲོས་བྱོལ་ཉེས་ཅན་གཙོ་བོ་86དང་། མངའ་ཁོངས་ཕྱི་རོལ་དུ་བྲོས་བྱོལ་ཕྱིན་པའི་ཉེས་ཅན་གལ་ཆེན་106ཡོད་པ་དང་། རྒྱན་འགྱེད་དང་། ཁ་བསླུས་རྒྱག་པ། དུག་ཚོང་བ་སོགས་རྒྱལ་མཚམས་ལས་བརྒལ་བའི་ཉེས་གསོག་ཚོགས་པ་ཁག་ཅིག་རྩ་མེད་བཟོས་ནས་ས་མཚམས་བརྒལ་བའི་ཁྲིམས་འགལ་ཉེས་གསོག་ལ་ཟིལ་གནོན་ཆེན་པོ་བྱས་པ་དང་། རྒྱལ་མཚམས་དོ་དམ་ལ་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནུས་ལྡན་བཏང་ནས། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པ་དང་འགག་སྒོའི་མཐའ་མཚམས་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།

གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་ཉེས་གསོག་དོགས་ཅན་ཁྲིམས་ལ་སྦྱར་བ།
     རྒྱལ་ཁབ་ཀྱི་གནས་སྤོས་ཡུལ་མིའི་དོ་དམ་ཅུས་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ་རྒྱལ་མཚམས་དང་མཐའ་མཚམས་དོ་དམ་ལ་གནོད་སྐྱོན་བཟོ་བའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་བྲོས་བྱོལ་དུ་སོང་བའི་ཉེས་གསོག་དོགས་ཅན་གལ་ཆེན་རྒྱུན་མཐུད་ངང་རྗེས་འདེད་དང་། མངའ་ཁོངས་ཕྱི་ནང་གི་ལྐོག་སྒྲོལ་ཚོགས་པ་རྩ་མེད་བཟོ་བ། ནུས་ཤུགས་ཡོད་རྒུས་སྐྱེལ་འདྲེན་འགྲོ་ལམ་གཅོད་པ་བཅས་ཀྱིས་ཉེས་གསོག་དྲ་བའི་མགོ་མཇུག་བར་གསུམ་ནས་རྩ་གཏོར་བཏང་བ་རེད།
     “སྦྲུལ་འཛིན་”བྱ་སྤྱོད་སྤེལ་བ་ནས་བཟུང་། རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞིས་མངའ་ཁོངས་ཕྱི་རོལ་གྱི་གཡུལ་ས་གཉིས་ལ་གཞི་ཚུགས་པ་དང་། གསང་འཕྲིན་ལ་བརྟེན་ནས་ཉེན་རྟོག་སྣ་མང་མཉམ་སྡེབ་དམག་འཐབ་དང་ས་ཁུལ་ཁག་མཐུན་སྦྱོར་མཉམ་འགུལ་རྒྱུན་འཁྱོངས་ཀྱིས་ཆེད་དོན་འཛིན་བཟུང་དང་། རྒྱལ་མཚམས་སྒྲོལ་བ་དང་ཁྲིམས་འཛིན་མཉམ་ལས། དྲིལ་བསྒྲགས་ལ་བརྟེན་ནས་མང་ཚོགས་སྐུལ་སློང་བྱེད་པ། རང་ཉེས་ངོས་ལེན་ཞུ་རྒྱུའི་སྐུལ་སློང་བྱེད་པ་སོགས་ཀྱི་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་དེ། མངའ་ཁོངས་ཕྱི་ནང་གཉིས་ཀྱི་བྲོས་བྱོལ་དང་གབ་སྦས་ཀྱིས་སྐྱེལ་འདྲེན་ལྐོག་སྒྲོལ་ཉེས་གསོག་བྱེད་སྒོ་སྒྲིག་འཛུགས་བྱེད་པའི་བྱེད་གཏེ་དང་རྐང་འཛིན་པ་འབོར་ཆེན་འདེད་བཟུང་བྱས་པ་རེད།

གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་སྦྲུལ་འཛིན་བྱ་སྤྱོད་སྤེལ་རིང་རང་ཉེས་ངོས་ལེན་ཞུ་མཁན་བཟུང་སྐྱེལ་བྱེད་པ།
     ད་ཐེངས་ཀྱི་“སྦྲུལ་འཛིན་”བྲོས་འདེད་དམག་འཐབ་ཀྱི་བཀོད་སྒྲིག་ཚོགས་འདུའི་ཐོག གསར་དུ་ལེགས་སྒྲིག་བྱས་པའི་ཉེས་པ་ཚབས་ཆེ་བ་དང་། ཤུགས་རྐྱེན་ངན་པ་བཞག་པའི་མངའ་ཁོངས་ཕྱི་ནང་དུ་སྦས་སྐུང་བྱས་ནས་སྐྱེལ་འདྲེན་ལྐོག་སྒྲོལ་རྩ་འཛུགས་བྱེད་མཁན་གྱི་ཚོགས་པའི་འགོ་གཙོ་དང་། རྒྱབ་ཕྱོགས་སྒྲིག་འཛུགས་པ། སྐྱེལ་འདྲེན་པ། རྐང་འཛིན་པ་བཅས་100ལྷག་གཙོ་གནད་དུ་བཟུང་ནས་རེས་སྐོར་གསར་པའི་ཆེད་དོན་འཛིན་བཟུང་ལས་དོན་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད།

གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་མངའ་ཁོངས་ཕྱི་ནས་བཟུང་པའི་ཉེས་གསོག་དོགས་ཅན་གྱི་ཐོབ་ཐང་ཞིབ་དཔྱད་བྱེད་བཞིན་པ།
     རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། རྒྱལ་མཚམས་དང་མཐའ་མཚམས་དོ་དམ་ལ་གནོད་སྐྱོན་བཟོ་བའི་ཉེས་གསོག་དོགས་ཅན་གལ་ཆེན་འདེད་བཟུང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། བྲོས་བྱོལ་དུ་སོང་བའི་ཉེས་གསོག་དོགས་ཅན་ནུས་ཤུགས་ཡོད་རྒུས་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱོར་བ། “མེང་རྔོན་”བྱ་སྤྱོད་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱིས་རྒྱལ་ཁབ་ཀྱི་མཐའ་མཚམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ནས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བཅས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

སྦྲུལ་འཛིན་བྱ་སྤྱོད་ནང་རྩད་ཆོད་པའི་བཙོག་དངུལ།
རྩོམ་སྒྲིག་པ། བདེ་སྒྲོན།