ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

རྒྱལ་ཁབ་འདིས་སྒོར་དུང་ཕྱུར་40ཙམ་གྱི་དུག་རྫས་མེར་བསྲེཊ་འདུག

སྤེལ་དུས 2022-06-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
    ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་26ཉིན་གྱི་སྔ་དྲོ། འབར་མས་དབྱང་ཀོང་དང་། མན་ཏེ་ལེ། ཏུང་ཀྲི་སོགས་ས་ཆ་མང་པོར་དུག་རྫས་མེད་པ་བཟོ་བའི་བྱེད་སྒོ་སྤེལ་ཞིང་། ཉིན་དེར་དུག་རྫས་དང་དུག་རྫས་བཟོ་སླ་བའི་རྫས་འགྱུར་དངོས་རྫས་རིགས་བཅུ་གྲངས་ཁ་ཤས་མེད་པ་བཟོས་པ་དང་། དེ་དག་གི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་11800(མི་དམངས་ཤོག་སྒོར་དུང་ཕྱུར་40ལྷག་ཙམ)ཟིན་ཡོད། ད་ཐེངས་མེད་པ་བཟོས་པའི་དུག་རྫས་ཀྱི་བསྡོམས་འབོར་དེ་ན་ནིང་མེད་པ་བཟོས་པའི་དུག་རྫས་བསྡོམས་འབོར་གྱི་ལྡབ་གསུམ་ལྷག་ཙམ་ཡིན་པ་དང་། དེ་ནི་འབར་མའི་ལོ་རེའི་དུག་རྫས་མེད་པ་བཟོས་པའི་བྱེད་སྒོའི་གྲངས་འབོར་མང་ཤོས་དེར་གྱུར་ཡོད། 
    ད་ལོའི་ཟླ་6ཚེས་26ཉིན་ནི་རྒྱལ་སྤྱིའི་དུག་འགོག་ཉིན་མོ་ཐེངས་35པ་དེ་ཡིན་ཞིང་། འབར་མས་དུག་རྫས་མེད་པ་བཟོ་བའི་བྱེད་སྒོ་བརྒྱུད་དུག་འགོག་གི་ཆོད་སེམས་མངོན་པར་བྱས་པ་དང་། དུས་མཚུངས་སུ་འདས་ཟིན་པའི་ལོ་གཅིག་རིང་གི་དུག་འགོག་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་དང་། འབར་མའི་ཉེན་རྟོག་ཕྱོགས་ཀྱིས་དུག་ཚོང་གྱོད་གཞི་འབོར་ཆེན་ཞིག་བསྟུད་མར་རྩད་ཆོད་པ་དང་དུག་རྫས་འབོར་ཆེན་ཞིག་ལག་སོན་བྱུང་ཡོད་ཅེས་བརྗོད་ཡོད། 
    ཉིན་དེར། འབར་མའི་བཙོན་སྲུང་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་འབར་མར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་གི་མི་སྣ་མང་པོ་དུག་རྫས་མེད་པ་བཟོ་བའི་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།