ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

དོཊ་ཡོད་ཉེས་ཅན་ཁྲིམས་རྒྱར་ཚུད་སྐབས་དངུལ་བྱང་ནང་སྒོར་བྱེ་བ4ལྷག་་་

སྤེལ་དུས 2022-07-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     ཉིན་ཤས་གོང་ཨན་ཧུའེ་ཞིང་ཆེན་ཧོའེ་ནན་གྲོང་ཁྱེར་སྤྱི་བདེ་ཅུས་ཐེན་ཅ་ཨན་ཡན་ལག་ཅུས་ཀྱིས་ཆེད་དུ་དར་མ་དང་རྒན་རྒོན་གྱི་བདེ་སྲུང་ཐོན་རྫས་རྫུས་མ་བཙོང་ནས་ཁ་བསླུས་རྒྱག་པའི་ཉེས་གསོག་ཚོགས་པ་ཞིག་རྩད་ཆོད་པས། དོགས་ཡོད་ཉེས་ཅན་26འཛིན་བཟུང་བྱས་པ་དང་གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར་2ལྷག་དང་རྒྱུ་ནོར་སྒོར་བྱེ་བ་2ལྷག་བསྡམས་བཅད་དང་། གསེར་སྦྲམ་སྤྱི་རྒྱ་38བཀག་ཉར་བྱས་པ་བཅས་རེད།
ཐོན་རྫས་རྣམས་སྡེ་ཁུལ་གྱི་ཐོག་ཁང་ནང་དུ་འཚོང་བཞིན་ཡོད་པ་དང་དེའི་རྒྱབ་ན་གསང་བ་མང་།
     འདི་ལོའི་སྤྱི་ཟླ་5པའི་ཟླ་དཀྱིལ་དུ་མི་དམངས་ཉེན་རྟོག་པ་ལི་ཅེ་ཡིས་ཧོའེ་ནན་གྲོང་ཁྱེར་ཐེན་ཅ་ཨན་ཁུལ་ཆན་ཧྥེང་གྲོང་ཚོར་བདེ་སྲུང་ཐོན་རྫས་ཀྱི་ཚོང་ཁང་ཞིག་ཡོད་པ་ཤེས་རྟོགས་བྱུང་བ་རེད།
     མི་དམངས་ཉེན་རྟོག་པས་ཚོང་ཁང་ཕྱི་ལ་མི་འབྱེད་པར་གྲོང་མིའི་ཐོག་ཁང་ནང་ཕྱེ་ནས་ཅི་ཞིག་འཚོང་གི་ཡོད་དམ་སྙམ་ནས་ལྐོག་ཏུ་ལྟ་ཞིབ་བྱས་པ་ན། ཚོང་ཁང་དེའི་བདེ་སྲུང་ཐོན་རྫས་ཀྱི་ཐུམ་སྒྲིལ་ལ་འབྲེལ་ཡོད་མཚོན་རྟགས་མེད་པས་ཚོང་ཁང་འདི་ལ་གནད་དོན་ཡོད་པ་ཤེས་པ་རེད།

     མྱུལ་ཞིབ་བྱས་པ་བརྒྱུད་ཚོང་ཁང་དེས་དྲ་ཐོག་ནས་བདེ་སྲུང་བཟའ་བཅའ་སྣ་ཚོགས་འཚོང་གི་ཡོད་པ་རེད། “ཁོང་ཚོས་ལོ་50ཡན་གྱི་དར་མ་དང་རྒན་རྒོན་ཁོ་ནར་འཚོང་གི་འདུག དྲ་ཐོག་དང་དྲ་ཕྱིའི་ཚོང་ཁང་མཉམ་འབྲེལ་གྱིས་འཚོང་རྒྱག་གི་ཡོད་པས་དར་མ་དང་རྒན་རྒོན་མང་པོ་ཞིག་དེ་ནི་ཀུང་སི་ཚད་ལྡན་ཞིག་ཡིན་པར་ཡིད་ཆེས་འདུག་”ཅེས་བཤད།
     མྱུལ་ཞིབ་ཞིབ་ཚགས་བྱས་པས་དངོས་ཚན་ཚོང་ཁང་དེའི་རྒྱབ་ཏུ་“ཀུང་སི་ཆེ་མོ་”ཞིག་སྦས་ཡོད་པ་ཤེས་རྟོགས་བྱུང་། ཀུང་སི་དེའི་ཐོ་འགོད་བྱ་ཡུལ་ཧྲན་ཏུང་ཝུའེ་ཧྥང་ཡིན་པ་དང་། ཁོངས་མི་གཙོ་བོ་པེ་ཅིང་དང་ཧྲན་ཏུང་ཝུའེ་ཧྥང་གཉིས་སུ་ཁྱབ་ཡོད་ལ། རྒྱལ་ཡོངས་སུ་དངོས་ཚན་ཚོང་ཁང་600ལྷག་ཡོད་པ་དང་། ཚོང་ཤག་ཁྲི་26ལྷག་ཙམ་ཡོད།
     དཔང་རྟགས་མང་པོ་རག་རྗེས་དེ་ནི་དར་མ་དང་རྒན་རྒོན་གྱི་རྒྱུ་ནོར་ཁ་བསླུས་རྒྱག་མཁན་གྱི་ཉེས་གསོག་ཚོགས་པ་ཞིག་ཡིན་པ་གཏན་འཁེལ་བྱས་ཤིང་། ཧོའེ་ནན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གཅིག་གྱུར་མཐུན་སྦྱོར་གྱིས་ཀུང་སི་དེའི་ཧེ་ནན་ལས་ཚབ་ཚོང་པ་དང་ཧྲན་ཏུང་ཝུའེ་ཧྥང་གི་ཁ་བསླུས་ཚོགས་པའི་སྤྱི་ཁྱབ་པུའུ་སྔོག་གཤེར་བྱས། དོགས་ཡོད་ཉེས་ཅན་26འཛིན་བཟུང་བྱས་པ་དང་། གྱོད་འབྲེལ་གློག་ཀླད་དང་། ལག་ཐོགས་ཁ་པར། གསོ་སྦྱོང་ཟིན་བྲིས་སྣ་ཚོགས། ལས་ཀའི་ཉིན་ཐོ། རྩིས་ཐོ་སོགས་བཀག་ཉར་བྱས་པ་རེད།

△ཁ་བསླུས་ཚོགས་པའི་སྤྱི་ཁྱབ་པུའུ།
མ་གནས་སྒོར་10ཅན་གྱི་བྱི་རིལ་བདེ་སྲུང་ཐོན་རྫས་སུ་བརྫུས་ནས་ལོ་གཅིག་རིང་སྒོར་དུང་ཕྱུར་ལ་ཉེ་བ་ཁ་བསླུས་བརྒྱབ།
     ཚོགས་པ་དེའི་དོགས་ཡོད་ཉེས་ཅན་གཙོ་བོ་དབྱིན་ཆེ་གེ་མོ་དང་ཀྲང་ཆེ་གེ་མོ་གཉིས་ཀྱིས། སྤྱི་ལོ་2020ལོའི་ལོ་མཇུག་ཏུ་བཟའ་བཅའི་འགྲེམས་ཚོགས་ཤིག་ཐོག་ཕན་ཚུན་ངོ་ཤེས་པ་དང་། བདེ་སྲུང་ཐོན་རྫས་ཀྱི་ཁེ་སྤོགས་ཡག་པོ་ཡོད་པ་མཐོང་བས་སྤྱི་ལོ་2021ལོར་མཉམ་དུ་ཀུང་སི་ཞིག་ཐོ་འགོད་བྱས་ནས་“བདེ་སྲུང་ཐོན་རྫས་”སྣ་ཚོགས་བཙོང་པ་ཡིན། བདེ་སྲུང་ཐོན་རྫས་འདི་དག་ནི་ཟས་རིགས་ལས་སྣོན་བཟོ་གྲྭས་ཐོན་སྐྱེད་བྱས་པའི་བྱི་རིལ་ཡིན་ལ་མ་གནས་སྒོར་10ཡས་མས་ཡིན་ཞེས་ཟེར།
     ལོ་གཅིག་ལྷག་ཙམ་ནང་ཁོ་གཉིས་ལ་ཡོང་འབབ་སྒོར་དུང་ཕྱུར་ཙམ་རག་པ་རེད། མི་དམངས་ཉེན་རྟོག་པས་དབྱི་ཆེ་གེ་མོའི་བཟའ་ཟླའི་ལག་ཐོགས་ཁ་པར་ལ་ཞིབ་བཤེར་བྱེད་སྐབས་ཁ་པར་དངུལ་ཁང་དུ་སྒོར་ཁྲི་2000ལྷག་ཙམ་ཡོད་པ་དང་། ཁྱིམ་དུ་གསེར་སྦྲམ་སྤྱི་རྒྱ་38རྙེད་པ་རེད།

△ཉེན་རྟོག་ཕྱོགས་ཀྱིས་ཞིབ་བཤེར་བཀག་ཉར་བྱས་པའི་གསེར་སྦྲམ།
     མི་དམངས་ཉེན་རྟོག་པས་ཀྲང་ཆེ་གེ་མོའི་ཁ་པར་དངུལ་ཁང་དུ་སྒོར་ཁྲི་4000ལྷག་ཡོད་པ་ཤེས་རྟོགས་བྱུང་།

     མིག་སྔར། ཉེན་རྟོག་ཕྱོགས་ཀྱིས་གྱོད་འབྲེལ་ཉེས་གསོག་དོགས་ཅན་ལ་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།