ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཀན་སུའུ་ཅོ་ནེ་རྫོང་གི་ལས་བྱེད་པ4ལ་ཞིབ་བཤེར་ཐག་གཅོད་བྱས་འདུག

སྤེལ་དུས 2022-07-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        གསར་འགོད་པས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་སྒྲིག་ཨུད་ནས་རྒྱུས་ལོན་བྱུང་བར།  ཏང་ཡོན་ལས་བྱེད་པ་ཁག་ཅིག་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་སྒྲིག་འགལ་ངང་གཅིག་སྡུད་རང་བཞིན་གྱི་བྱེད་སྒོར་ཞུགས་པས་ས་གནས་དེ་གའི་སྒྲིག་ཨུད་ཀྱིས་འགན་འཁྲི་ཡག་པོ་མ་འཁུར་མཁན་གྱི་ཏང་ཡོན་ལས་བྱེད་པ4གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱས་འདུག
        ཅོ་ནེ་རྫོང་སྒྲིག་ཨུད་ཀྱིས་བརྡ་ཁྱབ་བཏང་བ་ལྟར་ན།  2022ལོའི་ཟླ7པའི་ཚེས18ཉིན།  ཅོ་ནེ་རྫོང་ལ་གཙོས་གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་བསྐུར་བའི་སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་གདགས་གཤིས་ཡིན་པའི་ནད་དཔེ་ཀྲོའུ་ཆེ་གེ་མོ་དང་འབྲེལ་གཏུག་དམ་ཟབ་ཡོད་མཁན་དབྱང་ཆེ་གེ་མོའི་སྐོར་གྱི་རམ་འདེགས་བརྟག་དཔྱད་ཡི་གེ་ཞིག་འབྱོར་ཞིང་།  རིམས་དཔྱད་བྱས་པ་བརྒྱུད་དབྱང་ཆེ་གེ་མོ་ཟླ7པའི་ཚེས16ཉིན་གྱི་ཆུ་ཚོད10པ་ནས་ཚེས17ཉིན་གྱི་ཆུ་ཚོད14བར་ཅོ་ནེ་རྫོང་མཁར་ཆེན་གྲོང་རྡལ་ལ་ཁ་གྲོང་ཚོར(ཨན་ཆེ་གེ་མོའི་ཁྱིམ)འདས་མཆོད་ལ་ཞུགས་རྗེས་རླངས་འཁོར་བཏང་ནས་གཙོས་གྲོང་ཁྱེར་ལ་ལོག
        ཅོ་ནེ་རྫོང་གི་ཏང་ཡོན་ལས་བྱེད་པ་ཁག་ཅིག་ཀྱང་མཁར་ཆེན་གྲོང་རྡལ་ལ་ཁ་གྲོང་ཚོར(ཨན་ཆེ་གེ་མོའི་ཁྱིམ)འདས་མཆོད་ལ་ཞུགས་ཤིང་།  དེའི་རིང་མཁར་ཆེན་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བ་དང་།  གྲོང་ཚོ་འགན་ལེན་ལས་བྱེད་པ།  གྲོང་ཚོའི་ཚོགས་ཆུང་གི་ལས་བྱེད་པ་བཅས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་དུས་ཐོག་ཏུ་དྲིལ་བསྒྲགས་དང་བཀག་སྡོམ་བསླབ་བྱ་གཏོང་བ་སོགས་ཀྱི་བྱེད་ཐབས་ནུས་ལྡན་སྤྱད་མེད་པས།  མི་སྣ་འགྲོ་འོང་ཤུགས་ཆེན་བྱས་པ་མ་ཟད།  འབྲེལ་གཏུག་ཡོད་མཁན་དབྱང་ཆེ་གེ་མོ་འགུལ་སྐྱོད་བྱེད་ཤུལ་དང་གཅིག་པ་ཡིན་མཁན་ཐོན་ནས་རྫོང་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཉེན་ཁ་ཧ་ཅང་ཆེན་པོ་བཟོས་ཏེ་ཤུགས་རྐྱེན་ངན་པ་བཟོས། 
        ཀན་སུའུ་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི“གཏན་འགོག་བརྒྱད”ཀྱི་དོན་ཚན་བརྒྱད་པའི་ནང་རིམས་སྔོན་འགོག་ཚོད་འཛིན་བྱེད་རིང་སྒྲིག་འགལ་ངང་གསོལ་སྟོན་དང་འདུ་འཛོམས་སོགས་གཅིག་སྡུད་རང་བཞིན་གྱི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱེད་པའམ་ཡང་ན་དེའི་ནང་ཞུགས་རྒྱུ་གཏན་འགོག་བྱེད་པའི”གཏན་འབེབས་གཞིར་བཟུང་།  ཅོ་ནེ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཞིབ་འཇུག་བྱས་པ་བརྒྱུད་ཐག་གཅོད་བྱ་རྒྱུའི་གཏན་འབེབས་བྱས་པ་གཤམ་གསལ། 
        གཅིག སྒྲིག་འགལ་ངང་འདས་མཆོད་ལ་ཞུགས་མཁན་རྫོང་རིམ་པའི་ལས་བྱེད་པས་རྫོང་ཨུད་ལ་ཞིབ་བཤེར་གཏིང་ཟབ་ཀྱི་ཡིག་ཐོག་སྙན་ཞུ་འབུལ་རྒྱུ་དང་། 
        གཉིས།  རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འགན་འཁྲི་ཡག་པོ་མི་འཁུར་བའི་མཁར་ཆེན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཡུང་ཞུའེ་ཀྲི་དང་།  གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲེན་ཀྲང་ཆའོ་ཅན་ཧུའེ།  གྲོང་རྡལ་ཏང་ཨུད་ཀྱི་ཨུ་ཡོན་ཀྲེན་ཀྲང་གཞོན་པ་ཐུའུ་ཞའོ་ཅོན།  གྲོང་རྡལ་ཏང་ཨུད་ཀྱི་ཨུ་ཡོན་དང་།  དྲག་ཆས་པུའུ་ཀྲང་།  ཏ་ཙུའུ་གྲོང་ཚོའི་གྲོང་ཚོ་འགན་ལེན་གྱི་འགན་འཁུར་བ་ཁྲེན་ཤིན་སོགས་འགན་འཁུར་བ4གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱ་རྒྱུ། 
        གསུམ།  སྒྲིག་འགལ་ངང་འདས་མཆོད་ལ་ཞུགས་མཁན་ཁོའོ་རིམ་པ་དང་དེ་མན་གྱི་ལས་བྱེད་པར་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་།  རྫོང་ཨུད་རྩ་འཛུགས་པུའུ།  རྫོང་མི་སྤྱི་ཅུས་བཅས་ཀྱིས་དྲན་སྐུལ་གླེང་མོལ་བྱེད་པ་དང་འབྲེལ་ཡིག་ཐོག་གི་ཞིབ་བཤེར་གཏིང་ཟབ་བྱ་རྒྱུ། 
        བཞི།  སྒྲིག་འགལ་ངང་འདས་མཆོད་ལ་ཞུགས་མཁན་རིམ་ཁག་ལས་བྱེད་པས་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་པ་དང་འབྲེལ།  ལོ་འཁོར་གྱི་སྔོན་འདེམས་ལེགས་འདེམས་ཀྱི་ཐོབ་ཐང་མེད་པ་བཟོ་རྒྱུ། 
        ལྔ།  མཁར་ཆེན་གྲོང་རྡལ་ཨ་མོང་ཚལ་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་ཁོངས་མིར་མཁར་ཆེན་གྲོང་རྡལ་སྒྲིག་ཨུད་ཀྱིས་འགན་འཁྲི་བདའ་འདེད་བཏང་སྟེ་ཐག་གཅོད་བྱ་རྒྱུའི་འགན་དཀྲིས་པ་དང་འབྲེལ།  ཐག་གཅོད་བྱས་པའི་མཇུག་འབྲས་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལ་སྙན་སེང་ཞུ་རྒྱུ་བཅས་རེད།  
རྩོམ་སྒྲིག་པ། བདེ་སྒྲོན།