ཏི་ཏི་ཀུང་སིར་ཆད་པ་སྒོར་དུང་ཕྱུར80.26བཅད་པ།
སྤེལ་དུས 2022-07-22
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས་དྲ་རྒྱའི་བདེ་འཇགས་ཞིབ་བཤེར་གྱི་མཇུག་འབྲས་དང་ཤེས་རྟོགས་བྱུང་བའི་གནད་དོན་དང་ཁུངས་སྣེ་གཞིར་བཟུང་སྟེ། ཏི་ཏི་གོ་ལ་ཧྲིལ་པོའི་མ་རྐང་ཚད་ཡོད་ཀུང་སིས་ཁྲིམས་འགལ་ཉེས་སྤྱོད་སྤེལ་བར་དོགས་གཞི་ཡོད་པས་ཁྲིམས་ལྟར་གྱོད་དོན་ཐོ་འགོད་དང་བརྟག་དཔྱད་བྱས། རྩད་གཅོད་མཐའ་གསལ་བྱས་པ་བརྒྱུད། ཏི་ཏི་གོ་ལ་ཧྲིལ་པོའི་མ་རྐང་ཚད་ཡོད་ཀུང་སིས《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང《གཞི་གྲངས་བདེ་འཇགས་བཅའ་ཁྲིམས》《མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས》བཅས་ལས་འགལ་བའི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ཀྱི་དོན་དངོས་གསལ་བ་དང་། དཔང་རྟགས་ཁུངས་བཙན་པ། ཉེས་ཚབས་ཆེ་བ། ངོ་བོ་ངན་པ་བཅས་རེད།
ཟླ7པའི་ཚེས21ཉིན་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང《གཞི་གྲངས་བདེ་འཇགས་བཅའ་ཁྲིམས》《མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས》《སྲིད་འཛིན་ཆད་གཅོད་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་ནས། ཏི་ཏི་གོ་ལ་ཧྲིལ་པོའི་མ་རྐང་ཚད་ཡོད་ཀུང་སིར་དངུལ་ཆད་མི་དམངས་ཤོག་སྒོར་དུང་ཕྱུར80.26བཅད་པ་དང་། ཏི་ཏི་གོ་ལ་ཧྲིལ་པོའི་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དངCEOཡི་འགན་གཅིག་ལྕོགས་འཁུར་མཁན་ཁྲེང་ཝུའེ་དང་སྤྱི་གཅོད་པ་ལིའུ་ཆིང་ལ་དངུལ་ཆད་མི་དམངས་ཤོག་སྒོར་ཁྲི100བཅད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།