ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ངེས་པར་ཤེས་དགོས་པའི་ཁྲིམས་ཀྱི་ཤེས་བྱ།

སྤེལ་དུས 2022-07-25 ཡོང་ཁུངས། ཐུན་ཏེ་ཁྲིམས་འཛིན། རྩོམ་པ་པོ། རྡོ་རྗེ་ཚེ་རིང་།
          ཁྱིམ་གསོས་སྲོག་ཆགས་ཀྱིས་མི་གཞན་ལ་གནོད་འཚེ་བཏང་ན་སུས་དམངས་དོན་གྱི་འགན་འཁུར་དགོས།
          ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་ན། ཁྱིམ་གསོས་སྲོག་ཆགས་ཀྱིས་མི་གཞན་ལ་གནོད་འཚེ་བཏང་བར་གསོ་མཁན་ནམ་དོ་དམ་བྱེད་མཁན་གྱིས་སྐྱོན་ཆ་མེད་ཀྱང་དམངས་དོན་སྐྱིན་ཚབ་ཀྱི་འགན་འཁུར་དགོས། འོན་ཀྱང་གནོད་འཚེ་ཐེབས་མཁན་རང་ཉིད་ཀྱི་སྐྱོན་ཡིན་ན་གསོ་མཁན་ནམ་དོ་དམ་བྱེད་མཁན་གྱིས་དམངས་དོན་སྐྱིན་ཚབ་ཀྱི་འགན་འཁུར་མི་དགོས།
          ཁྱིམ་གསོས་སྲོག་ཆགས་ཀྱིས་གཞན་ལ་གནོད་འཚེ་བཏང་བ་མི་གཞན་གྱི་སྐྱོན་ཆ་ཡིན་ན་མི་དེས་དམངས་དོན་སྐྱིན་ཚབ་ཀྱི་འགན་འཁུར་དགོས། གལ་ཏེ་མི་གཞན་དེ་གནས་སྐབས་སུ་སུ་ཡིན་མི་ཤེས་པའམ་དེ་ལ་སྐྱིན་ཚབ་སྤྲོད་པའི་ནུས་པ་མེད་ན་སྔོན་ལ་གསོ་མཁན་ནམ་དོ་དམ་བྱེད་མཁན་གྱིས་སྐྱིན་ཚབ་སྤྲོད་པ་དང་དེ་རྗེས་མི་སུ་ཡིན་པ་དེ་ལ་འགན་འཁྲི་བདའ་འདེད་བྱས་ཆོག 

          ཅི་ཞིག་ལ་དམངས་དོན་ཞུ་གཏུག་ཟེར།
          དམངས་དོན་ཞུ་གཏུག་ནི་དམངས་དོན་ཁྲིམས་གཏུག་བྱས་ཏེ་དམངས་དོན་རྩོད་གཞི་ཐག་གཅོད་བྱེད་པ་ལ་ཟེར། རྩོད་གཞི་ཡོད་པའི་དོ་བདག་ཕྱོགས་གཉིས་ཀྱིས་གྲོས་མཐུན་ནམ་འདུམ་སྒྲིག་གིས་ཐག་གཅོད་བྱེད་མི་ཐུབ་པའི་གནས་ཚུལ་འོག་ཏུ་དོ་བདག་ཕྱོགས་གཅིག་གིས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་པ་དང་། མི་དམངས་ཁྲིམས་ཁང་གིས་ཞིབ་བཤེར་དང་ཞིབ་གཅོད་བྱེད་པའི་བྱེད་ཐབས་ཤིག་ལ་བྱ། 
རྩོམ་སྒྲིག་པ། རིག་གྲོལ།