བོད་ལྗོངས་མངའ་རིས་ས་ཁུལ་ཡོངས་སུ་འགྲོ་སྐྱོད་འགོག་པའི་དོ་དམ་བྱས།
སྤེལ་དུས 2022-08-12
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
སྤྱི་ཟླ་8ཚེས་10ཉིན། བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཏོག་གསར་གློ་ཚད་རིམས་ནད་འགོག་སྲུང་གི་བྱ་བའི་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་གིས་སྤྱི་བསྒྲགས་སྤེལ་བར་གཞིགས་ན། སྤྱི་ཟླ་8ཚེས་11ཉིན་ནས་བཟུང་མངའ་རིས་ས་ཁུལ་ཡོངས་ཀྱིས་ཉིན་གསུམ་རིང་ལ་འགྲོ་སྐྱོད་འགོག་པའི་དོ་དམ་བྱ་རྒྱུ་ཡིན་པ་དང་། དེའི་རྗེས་ནས་རིམས་ནད་ཀྱི་གནས་བབ་དང་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོར་གཞིགས་ནས་འགུལ་རྣམ་ལེགས་སྒྲིག་བྱས་ཏེ་རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བ་རྣམས་དོན་དག་གལ་ཆེན་མེད་ན་འགྲོ་འོང་མང་པོ་མི་བྱེད་པར་འབོད་སྐུལ་གཏོང་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།