ཟི་ལིང་གི་འཕྲལ་མྱུར་མི་སྣ་འཚོལ་བའི་བརྡ་ཐོ།
སྤེལ་དུས 2022-08-12
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
སྤྱི་ཟླ་8པའི་ཚེས་10ཉིན། ཟི་ལིང་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་མེ་འཁོར་འབབ་ཚུགས་ལས་དོན་ཆེད་མངགས་རུ་ཁག་གིས་ལྷ་ས་ནས་ཟི་ལིང་བར་གྱི་མེ་འཁོར་ལན་གྲངས་Z6812ལ“འབབ་ཚུགས་སུ་འབྱོར་དུས་ཞིབ་བཤེར”གྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་སྐབས་ཉེན་ཁ་ཡོད་པའི་དོགས་ཡོད་མི་སྣ་ཤེས་རྟོགས་ཐུབ་པ་དང་། མེ་འཁོར་ལན་གྲངས་Z6812¬(སྤྱི་ཟླ་8པའི་ཚེས་9ཉིན་གྱི་ཆུ་ཚོད་17དང་སྐར་མ་50ཡི་ཐོག་ལྷ་ས་ནས་ཐོན་ཞིང་སྤྱི་ཟླ་8པའི་ཚེས་10ཉིན་གྱི་ཆུ་ཚོད་15དང་སྐར་མ་28ཐོག་ཟི་ལིང་དུ་འབྱོར¬)ཀྱི་འཁོར་སྒྲོམ་6པའི་ཐོག་བསྡད་མྱོང་བའི་འགྲུལ་པ་ཚོས་འཕྲལ་དུ་ཁོངས་གཏོགས་ཀྱི་ནད་ཡམས་ཚོད་འཛིན་སྡེ་ཚན་ལ་སྙན་སེང་ཞུ་དགོས་པ་མ་ཟད། འབྲེལ་ཡོད་བླང་བྱ་ལྟར་དེ་མཚུངས་ཀྱི་བདེ་ཐང་དོ་དམ་གྱི་བྱ་ཐབས་དོན་འཁྱོལ་བྱེད་དགོས། གལ་སྲིད་རིམས་ནད་དང་འབྲེལ་བ་ཡོད་པའི་གནས་ཚུལ་སྦས་སྐུངས་བྱེད་པའམ་ཡང་ན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་ནས་མཇུག་འབྲས་ངན་པ་བཟོས་ཚེ། སྒྲིག་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན་པ་རེད།
རྒྱ་ཆེའི་གྲོང་མི་རྣམས་ནས་འཇིགས་སྣང་མི་སྐྱེ་བ་དང་་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་མི་ཤོད་པ་བཅས་བྱས་ནས་འགོག་སྲུང་གི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་སྟེ་ཁ་ཐུམ་རྒྱག་པ་དང་ལག་པ་འཁྲུ་བ། རྒྱུན་དུ་རླུང་རྒྱུ་རུ་འཇུག་པ། བདེ་འཇགས་ཀྱི་སྤྱི་ཚོགས་འབྲེལ་འདྲིས་བར་ཐག་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་འཕྲོད་བསྟེན་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱེད་པ་དང་འབྲེལ། མྱུར་དུ་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་པ་དང་མི་ཚོགས་ཀྱི་རིམས་འགོག་སྲུང་ཡོལ་འཛུགས་དགོས་པའི་བླང་བྱ་བཏོན་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།