ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཉེས་ཅན་7འཛིན་བཟུང་བྱས་འདུག

སྤེལ་དུས 2022-09-21 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

   ཉེ་དུས་ཧུའུ་པེ་དབྱིན་ཁྲེང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ལི་ཆེ་གེ་མོ་སོགས་ཀྱིས་གནའ་བོའི་དུར་ས་སྔོག་རྐུ་དང་རིག་དངོས་ལོག་ཚོང་བྱས་པའི་གྱོད་གཞི་རབ་དང་རིམ་པ་བདེ་བླག་ངང་རྩད་ཆོད་བྱུང་ནས། ཚོགས་པའི་ཁོངས་མི་7འཛིན་བཟུང་བྱས་ཤིང་། རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་རིག་དངོས་5དང་། རྒྱལ་ཁབ་ཀྱི་སྤྱིར་བཏང་རིག་དངོས་157རྩད་ཆོད་བྱུང་བ། གྱོད་གཞི་བཟོ་བྱེད་ཡོ་བྱད་31བཙན་ཉར་བྱས་པ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། ལི་ཆེ་གེ་མོས་འཚོལ་ཞིབ་བརྟག་དཔྱད་ཡོ་བྱད་དང་གནའ་དཔེ་ལ་ལྟ་ཞིབ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་གནའ་བོའི་བང་སོའི་གནས་ཡུལ་གཏན་འཁེལ་བྱས་པ་རེད། གནའ་དུར་གྱི་གནས་ཡུལ་གཏན་ཁེལ་རྗེས། ལོ་ཏོག་འདེབས་པར་ཁ་གཡར་མོད། དོན་དངོས་ཐོག་བང་སོ་འདྲུ་རྐུ་བྱེད་ཀྱི་ཡོད་པ་རེད།  
རྩོམ་སྒྲིག་པ། བདེ་སྒྲོན།