ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

སྒོར་ཁྲི་40མགོ་སྐོར་ཐེབས་རྗེས་ཉེན་རྟོག་པས་སྒོར་ཁྲི་100ཕྱིར་བླངས།

སྤེལ་དུས 2022-09-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       ཉེ་ཆར། ཧུའུ་པེ་ཞན་ཐའོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པར་ཝུའུ་ཧན་གྲོང་ཁྱེར་གྱི་མཁྱེན་ལྡན་མ་ཁྲེན་ལགས་ནས་བསྐུར་ཡོང་བའི་བཀའ་དྲིན་ཞུ་ཡིག་དང་གོས་དར་ཞིག་འབྱོར་ཡོད། དེ་ཡང་། མཁྱེན་ལྡན་མ་ཁྲེན་ལགས་ཀྱིས་སྒོར་ཁྲི་40མགོ་སྐོར་ཐེབས་རྗེས་གྱོད་དོན་སྙན་སེང་ཞུས་པ་དང་། མི་དམངས་ཉེན་རྟོག་པས་ཁོང་གི་མགོ་སྐོར་ཐེབས་པའི་སྒོར་ཁྲི་40ཕྱིར་བླངས་པ་མ་ཟད། ད་དུང་དེ་སྔོན་གྱི་ཆད་དངུལ་སྒོར་ཁྲི་60ཡང་ཕྱིར་བླངས་ཡོད་པ་རེད།

       ལོ་ཤས་ཀྱི་ཡར་སྔོན་དུ། དོགས་ཡོད་མི་སྣ་དབྱང་ཆེ་གེ་མོ་ཡི་རྡོ་འགྱུར་ཀུང་སི་དང་མཁྱེན་ལྡན་མ་ཁྲེན་ཚང་གི་དངོས་ཟོག་སྐྱེལ་འདྲེན་ཀུང་སི་ཡི་བར་ལས་སྒོའི་འགྲོ་འོང་ཡོད་པ་མ་ཟད། མཁྱེན་ལྡན་མ་ཁྲེན་ལགས་ཀྱི་སྐྱེལ་འདྲེན་རིན་པ་སྒོར་ཁྲི་60ཆད་ཡོད། 2018ལོར། དབྱང་ཆེ་གེ་མོས་རང་འགུལ་ངང་མཁྱེན་ལྡན་མ་ཁྲེན་ལགས་ཀྱི་ཕ་དང་འབྲེལ་བ་བྱས་ནས། རང་ཉིད་ལ་སྒོར་ཁྲི་100ཡི་དངུལ་འགྲུལ་འཛིན་ཤོག་ཅིག་ཡོད་པ་དེ་སྤྱད་ནས་མཁྱེན་ལྡན་མ་ཁྲེན་ལགས་ལ་ཆད་པའི་སྐྱེལ་འདྲེན་རིན་པ་སྒོར་ཁྲི་60སྤྲོད་ཆོག་མོད། འོན་ཀྱང་མཁྱེན་ལྡན་མ་ཁྲེན་ལགས་ཀྱིས་སྔོན་ལ་སྒོར་ཁྲི་40ཕྱིར་སློག་དགོས་རབས་བཤད་ཡོད།
       ཁོ་པར་ཡིད་ཆེས་པས། མཁྱེན་ལྡན་མ་ཁྲེན་ལགས་ཀྱི་ཨ་ཕས་སྒོར་ཁྲི་40དབྱང་ཆེ་གེ་མོའི་ཀུང་སི་ཡི་ཐོ་ཁུངས་ནང་བསྐུར་མོད། དངུལ་འགྲུལ་འཛིན་ཤོག་གི་དུས་བཀག་ཐིམ་རྗེས་གཞི་ནས་དངུལ་ལེན་མི་ཐུབ་པ་ཤེས། དབྱང་ཆེ་གེ་མོས་ད་དུང་མཁྱེན་ལྡན་མ་ཁྲེན་ལགས་དང་ཁོང་གི་ཕ་“མིང་ཐོ་ནག་པོའི”ནང་བཅུག་སྟབས། ཕྱོགས་མང་པོ་ནས་དབྱང་ཆེ་གེ་མོ་དང་འབྲེལ་བ་ཐུབ་ཐབས་བྱས་ཀྱང་ཕན་མ་ཐོགས་པས། མཁྱེན་ལྡན་མ་ཁྲེན་ལགས་ཀྱིས་ཉེན་རྟོག་པར་སྙན་སེང་ཞུས་པ་རེད།
       ཞན་ཐའོ་གྲོང་ཁྱེར་སྤྱི་བདེ་ཅུས་ལ་ཁུངས་སྣེ་རྩིས་སྤྲོད་བྱས་རྗེས། ཞན་ཐའོ་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཤིང་། དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་ལ་གྱོད་གཞི་དེ་བསྒྲུབ་རྒྱུའི་བཀའ་ཕབ་ཡོད། ཉིང་ལག་རུ་ཁག་གི་རུ་དཔོན་གྱིས་གྱོད་གཞིའི་གནས་ཚུལ་ལ་ནན་ཏན་སྒོས་རྒྱུས་ལོན་བྱས་རྗེས་མྱུལ་ཞིབ་ཇུས་གཞི་གཏན་འཁེལ་བྱས་པ་མ་ཟད། ཆེད་དོན་མི་དམངས་ཉེན་རྟོག་པས་སྣེ་ཁྲིད་དེ་མྱུལ་ཞིབ་བྱས་ཡོད། དཔང་པོ་དང་དཔང་ཡིག་གི་རྒྱུ་ཆ་ཁོ་ནའང་བཅུ་ལྷག་བླངས་པ་མ་ཟད། ཀུང་སི་དང་ས་གནས་མང་པོ་ཞིག་དང་འབྲེལ་བ་ཡོད།

       དབྱང་ཆེ་གེ་མོ་གར་འགྲོ་ངེས་མེད་ཡིན་ཞིང་། སྔ་ཕྱི་བར་གསུམ་དུ་ཕྱིར་དོན་འདོད་མ་བྱས་མོད།  དཔལ་འབྱོར་ཉེས་བསགས་གྱོད་གཞི་ལ་མཚོན་ན། དཔང་རྟགས་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན། གྱོད་གཞི་སྒྲུབ་མཁན་མི་དམངས་ཉེན་རྟོག་པས་གོ་སྐབས་དམ་འཛིན་གྱིས་ཞིང་ཆེན་བརྒལ་ནས་རྟོག་ཞིབ་བྱས་ཤིང་། དོགས་ཡོད་མི་སྣ་དབྱང་ཆེ་གེ་མོའི་ཁུངས་སྣེར་གཞིགས་ནས་བདའ་འདེད་རྗེས་སྙེག་བྱས།
       མི་དམངས་ཉེན་རྟོག་པས་འབད་པ་ལྷོད་མེད་བྱས་པ་བརྒྱུད། ཞན་ཐའོ་ཉེན་རྟོག་ཕྱོགས་ཀྱིས་ད་ལོའི་ཟླ་7པར་ས་ཆ་གཞན་ནས་དབྱང་ཆེ་གེ་མོ་འཛིན་བཟུང་བྱས་པ་དང་། མཁྱེན་ལྡན་མ་ཁྲེན་ལགས་ཀྱི་མགོ་སྐོར་ཐེབས་པའི་སྒོར་ཁྲི་40ཡི་ཐོག་དེ་སྔའི་སྐྱེལ་འདྲེན་ཆད་དངུལ་སྒོར་ཁྲི་60སྟེ། ཁྱོན་སྒོར་ཁྲི་100ཐེངས་གཅིག་ལ་ཕྱིར་བླངས་ཡོད།

       དུས་ཡུན་ལོ་5ཡི་རྗེས་སུ་དངུལ་ཚང་མ་ཕྱིར་ལེན་ཐུབ་པས། བཀའ་དྲིན་ཚོར་བའི་མཁྱེན་ལྡན་མ་ཁྲེན་ལགས་ཀྱི་ནང་མི་རྣམས་ཆེད་དུ་ཝུའུ་ཧན་ནས་ཞན་ཐའོ་རུ་ཡོང་སྟེ། གྱོད་གཞི་སྒྲུབ་མཁན་མི་དམངས་ཉེན་རྟོག་པར་གོས་དར་ཕུལ་བ་མ་ཟད། བཀའ་དྲིན་ཞུ་ཡིག་ཀྱང་བྲིས་ཡོད།

       གྱོད་གཞི་དེ་མྱུལ་ཞིབ་བྱེད་འགན་འཁུར་བའི་མི་དམངས་ཉེན་རྟོག་པ་ཀྲང་ཅན་པོ་ཡིས། མཁྱེན་ལྡན་མ་ཁྲེན་ཚང་ལ་རོགས་བྱས་ནས་དངུལ་ཕྱིར་ལེན་ཐུབ་པ་བྱུང་བར་རང་ཉིད་དང་ལས་གྲོགས་རྣམས་ཀྱང་ཧ་ཅང་དགའ་པོ་བྱུང་། མིག་སྔར། དོགས་ཡོད་མི་སྣ་དབྱང་ཆེ་གེ་མོ་འཛིན་བཟུང་བྱ་རྒྱུར་ཁྲིམས་ལྟར་ཆོག་མཆན་ཐོབ་ཡོད་ལ། གྱོད་གཞི་དེ་སྔར་བས་སྒྲུབ་བཞིན་པའི་སྒང་ཡིན་ཞེས་གསུངས་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།