མྱུར་སྐྱོབ་རླངས་འཁོར་གྱི་གླ་རིན་གང་བྱུང་དུ་མཐོ་རུ་བཏང་བས་འཛིན་བཟུང་བྱས།
སྤེལ་དུས 2022-11-07
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
ཝུའུ་ཁྲང་སྤྱི་བདེའི་སྐད་འཕྲིན་སྤྱི་སྟེགས་ཐོག་སྤྱི་ཟླ11པའི་ཚེས5ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། སྤྱི་ཟླ11པའི་ཚེས1ཉིན། བཙན་ཤེད་ཀྱིས་ཉོ་ཚོང་བྱེད་དུ་བཅུག་པའི་དོགས་ཡོད་གྱོད་གཞི་ཞིག་ཝུའུ་ཁྲང་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་རྩད་ཞིབ་དང་ཐག་གཅོད་བྱས་ཡོད་པ་དང་། གྱོད་འབྲེལ་ཉེས་གསོག་དོགས་ཡོད་པ་གསུམ་པོ་ཚང་མ་འཛིན་བཟུང་བྱས་ཡོད། རྩད་ཞིབ་བྱས་པ་བརྒྱུད། ཧོ་ཆེ་གེ་མོ་ཞང་ནི་ཧེ་ལུང་ཅང་ཅུན་པོ་སྨན་བཅོས་མྱུར་སྐྱོབ་ཀུང་སིའི་ཚོང་གཉེར་པ་ཞིག་ཡིན། སྤྱི་ཟླ་10པའི་ཚེས་28ཉིན་གྱི་ཐོ་རེངས་སུ། ཝུའུ་ཁྲང་གྲོང་ཁྱེར་མི་དམངས་སྨན་ཁང་གི་120མྱུར་སྐྱོབ་ལྟེ་གནས་ཀྱི་ལས་རེས་མི་སྣ་ཝང་ཆེ་གེ་མོའི་ངོ་སྤྲོད་འོག ཧོ་ཆེ་གེ་མོ་ཞང་གིས་གསར་དུ་ཉོས་པའི་གནས་སྐབས་འཁོར་བྱང་སྒར་བའི་མྱུར་སྐྱོབ་རླངས་འཁོར་༼མྱུར་སྐྱོབ་རླངས་འཁོར་དེར་ཁྲིམས་མཐུན་གྱི་ཚོང་གཉེར་འགྲོ་ལུགས་གཉེར་མེད༽དེ་བཏང་ནས། གླས་པའི་སྨན་ཞབས་པ་ཝང་ཆེ་གེ་མོ་རུས་དང་མཉམ་དུ་ནད་པ་སྨན་ཁང་དུ་སྐྱེལ་ཡོད། ལམ་བར་དུ། ཝང་ཆེ་གེ་མོ་རུས་ཀྱིས་ཉལ་ཆས་ཀྱི་རིན་པ་དང་། སྨན་ཁབ་ཀྱི་རིན་པ། དུག་སེལ་རིན་པ་སོགས་ལ་ཁ་གཡར་ནས་མྱུར་སྐྱོབ་རླངས་འཁོར་གླས་པའི་རིན་པ་མཐོ་རུ་བཏང་སྟེ། གནོད་འཚེ་ཕོག་མཁན་ལ་བཙན་ཤེད་ཀྱིས་འགྲོ་གྲོན་མཐོན་པོ་སྤྲོད་དུ་བཅུག་པ་དང་། ཧོ་ཆེ་གེ་མོ་ཞང་གིས་ཐོན་སར་བསྐྱར་ལོག་བྱ་རྒྱུའམ་ལམ་བར་དུ་རླངས་འཁོར་ཁ་འགོག་རྒྱུ་ཡིན་ཞེས་བཤད་པ་སོགས་པའི་བྱེད་ཐབས་ཐོག་ནས་གནོད་འཚེ་ཕོག་མཁན་ལ་བཙན་ཤེད་ཀྱིས་དངུལ་སྤྲོད་དུ་བཅུག་ཡོད།

མིག་སྔར། ཧོ་ཆེ་གེ་མོ་ཞང་དང་། ཝང་ཆེ་གེ་མོ་རུས། ཝང་ཆེ་གེ་མོ་བཅས་ལ་ཁྲིམས་ལྟར་ཉེས་དོན་བཙན་ཤེད་བྱེད་ཐབས་བཟུང་ཡོད་པ་དང་། གྱོད་གཞི་དེ་ད་ལྟ་གཉེར་སྒྲུབ་བྱེད་བཞིན་པའི་སྒང་ཡིན་པ་རེད།
གོམ་སྟབས་རྗེས་མར། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་དང་རྡུང་རྡེག་ནན་པོ་གཏོང་རྒྱུ་ཡིན་ཞིང་། གུ་ཡངས་གཏན་ནས་གཏོང་རྒྱུ་མིན་ཞེས་བརྗོད་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།