ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཚོཊ་ཆེན་ཉི་ཤུ་པའི་རྗེས་སུ་ཐོན་པའི་“སྟག་རྒན”ཐོག་མ།

སྤེལ་དུས 2022-11-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     སྤྱི་ཟླ་11ཚེས་5ཉིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་མི་དམངས་དངུལ་ཁང་གི་ཏང་ཨུད་ཀྱི་ཨུ་ཡོན་དང་འགོ་འཛིན་གཞོན་པ་ཧྥན་དབྱི་ཧྥེར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་པ་ཡོད་པས། མིག་སྔར་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།
      གཞུང་དྲའི་སྟེང་གི་ངོ་སྤྲོད་མདོར་བསྡུས་ལས་མངོན་པར། ཧྥན་དབྱི་ཧྥེ་སྤྱི་ལོ་1964ལོར་སྐྱེས་པ་དང་། སྔོན་ཆད་འཛུགས་སྐྲུན་དངུལ་ཁང་དང་ཀྲུང་གོའི་མ་འཇོག་ཚད་ཡོད་ཀུང་སི་རུ་ལས་དོན་བསྒྲུབས་མྱོང་ཡོད་ཅིང་། སྤྱི་ལོ་2015ལོའི་ཟླ་2པར་ཀྲུང་གོ་མི་དམངས་དངུལ་ཁང་གི་ཏང་ཨུད་ཀྱི་ཨུ་ཡོན་དང་འགོ་འཛིན་གཞོན་པའི་འགན་འཁུར་ཡོད།
      ཧྥན་དབྱི་ཧྥེ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་རྗེས་སུ་བརྟག་དཔྱད་བྱས་པའི་“སྟག་རྒན”ཐོག་མ་དེ་ཡིན།

ཧྥན་དབྱི་ཧྥེའི་ངོ་སྤྲོད་མདོར་བསྡུར།
     ཧྥན་དབྱི་ཧྥེ། ཕོ། སྤྱི་ལོ་1964ལོར་སྐྱེས། ཀྲུང་གོ་མི་དམངས་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་འབུམ་རམས་པ་དང་། ཨ་རིའི་ཁོ་ལོམ་པི་ཡའི་སློབ་ཆེན་གྱི་རྒྱལ་སྤྱིའི་དཔལ་འབྱོར་རིག་པའི་ཤེས་རམས་པ་ཡིན།
     དེ་སྔོན་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་ཡིད་རྟོན་མངག་བཅོལ་མ་འཇོག་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་བའི་ལས་རོགས་དང་འཆར་གཞིའི་ནོར་དོན་པུའི་སྤྱི་གཉེར་བ་གཅིག་ལྕོགས་དང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་གི་མ་དངུལ་འཆར་གཞི་པུའུ་ཡི་ཀྲུའུ་རེན་གཞོན་པ་དང་ནོར་དོན་རྩིས་གཉེར་པུའི་སྤྱི་ཁྱབ་སྤྱི་གཉེར། འཆར་གཞིའི་ནོར་དོན་པུའི་སྤྱི་ཁྱབ་སྤྱི་གཉེར་བ་བཅས་ཀྱི་ལས་འགན་འཁུར་མྱོང་ཡོད།
     སྤྱི་ལོ་2000ལོའི་ཟླ་2པར་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གི་འགོ་འཛིན་གྱི་ལས་རོགས་ཀྱི་འགན་འཁུར།(སྤྱི་ལོ་2003ལོའི་ཟླ་3པ་ནས་སྤྱི་ལོ་2004ལོའི་ཟླ་3པའི་བར་ཀྲུང་གོ་འབྲི་ཆུ་གློག་ཤུགས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་བའི་ལས་རོགས་ཀྱི་འགན་འཁུར)
     སྤྱི་ལོ་2004ལོའི་ཟླ་8པར་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གི་ཏང་ཨུད་ཀྱི་ཨུ་ཡོན་དང་འགོ་འཛིན་གྱི་ལས་རོགས་ཀྱི་འགན་འཁུར།
     སྤྱི་ལོ་2005ལོའི་ཟླ་6པར་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གི་འགོ་འཛིན་གཞོན་པ་དང་ཏང་ཨུད་ཀྱི་ཨུ་ཡོན་གྱི་འགན་འཁུར།
     སྤྱི་ལོ་2010ལོའི་ཟླ་3པར་ཀྲུང་གོ་མ་འཇོག་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་དང་ཏང་ཨུད་ཀྱི་ཨུ་ཡོན་གྱི་འགན་འཁུར།(སྤྱི་ལོ་2011ལོའི་ཟླ་11པར་ཧྲང་ཧའེ་དངུལ་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་གཅིག་ལྕོགས་སུ་བྱས།)
     སྤྱི་ལོ་2015ལོའི་ཟླ་1པོར་ཀྲུང་གོ་མི་དམངས་དངུལ་ཁང་གི་ཏང་ཨུད་ཀྱི་ཨུ་ཡོན་གྱི་འགན་འཁུར།
     སྤྱི་ལོ་2015ལོའི་ཟླ་2པར་ཀྲུང་གོ་མི་དམངས་དངུལ་ཁང་གི་ཏང་ཨུད་ཀྱི་ཨུ་ཡོན་དང་འགོ་འཛིན་གཞོན་པའི་འགན་འཁུར།
རྩོམ་སྒྲིག་པ། བདེ་སྒྲོན།