ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ནང་སོག་གི་འགོ་ཁྲིད་འདི་འཛིན་བཟུང་བྱས་འདུག

སྤེལ་དུས 2022-11-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
      གསར་འགོད་པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ནང་སོག་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི། ཡོན་ཀྲང་ཧུའུ་དབྱི་ཧྥེང་གིས་ལྐོག་རྔན་བླངས་པའི་དོགས་གཞི་དང་རང་ཉིད་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པའི་གྱོད་གཞི་དེ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་བྱེད་མཇུག་འགྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་བྱ་རྒྱུར་རྩིས་སྤྲད་པ་རེད། ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་དང་ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པའི་ཉེས་པ་ཡོད་པའི་ཧུའུ་དབྱི་ཧྥེང་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། གྱོད་གཞི་མུ་མཐུད་ཐག་གཅོད་བྱེད་བཞིན་ཡོད།  

      ད་ལོའི་སྤྱི་ཟླ་4པའི་ཚེས་22ཉིན། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཧུའུ་དབྱི་ཧྥེང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱས་ཡོད་པ་རེད།
       ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཞིབ་བཤེར་བྱས་པ་བརྒྱུད། ཧུའུ་དབྱི་ཧྥེང་གི་ཕུགས་བསམ་གྱི་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་ལས་འགལ་བ། ཏང་ལ་བློ་དཀར་གཞུང་དྲང་མི་བྱས་པ། རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བ་དང་།  སྒྲིག་འགལ་ངང་དངུལ་བླངས་པ། རྩ་འཛུགས་ཀྱི་རྩ་དོན་དང་འགལ་བ། རྩ་འཛུགས་ཀྱི་གླེང་མོལ་དང་ཡིག་བསྐུར་འདྲི་རྩད་བྱེད་སྐབས་གནད་དོན་ཇི་མ་ཇི་བཞིན་གསལ་བཤད་མ་བྱས་པ། སྒྲིག་འགལ་ངང་ལས་བྱེད་པ་འདེམས་སྤྱོད་བྱས་པ།  ལས་ཁུངས་ཀྱི་མི་སྣ་འདེམས་སྤྱོད་ཀྱི་སྲོལ་བཟང་གཏོར་བརླག་བཏང་བ།  ཁྱིམ་སྲོལ་ཚུལ་དང་མི་མཐུན་ཞིང་། བུ་ཕྲུག་ལ་དོ་དམ་དང་སློབ་གསོ་རྒྱག་པའི་ནུས་པ་ཉམས་པ། ཀུན་སྤྱོད་ངན་པ། ཁྲིམས་འཛིན་ཁྲིམས་འགལ་དང་།  གྱོད་གཞིར་བརྟེན་ནས་སྒེར་དོན་གཉེར་བ།  ཁྲིམས་འཛིན་བྱེད་སྒོར་ཐེ་ཇུས་ཤུགས་ཆེན་བྱས་པ། དབང་དངུལ་བརྗེ་འཚོང་ཆེན་པོ་བྱས་པ། ཁྲིམས་འཛིན་གྱི་སྤྱི་པའི་ཡིད་ཆེས་བྱེད་ཤུགས་ལ་གཏོར་བཤིག་ཚབས་ཆེན་བཏང་བ། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་གྱོད་གཞི་སྒྲུབ་གཉེར་དང་ལས་གྲྭ་འགན་གཙང་ལེན་པ་སོགས་ཐད་ཀྱི་ཁེ་ཕན་སྒྲུབ་པ་དང་འབྲེལ་ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་བླངས་པ་རེད། 
      ཧུའུ་དབྱི་ཧྥེང་གིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས།སྤྱོད་གཙང་གི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ཞིང་། གོ་གནས་ཀྱི་ཁྲིམས་འགལ་ཚབས་ཆེ་བ་མ་ཟད་ལྐོག་རྔན་བླངས་པ་དང་རང་ཉིད་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་ད་དུང་ཡང་སྒྱུར་བཅོས་མ་བྱས་པས། ངོ་བོ་ཚབས་ཆེན་ལ་ཤུགས་རྐྱེན་ངན་པས་ཐག་གཅོད་ནན་པོ་བྱས་ཡོད།  ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས་སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་མ་ཟད་ཀྲུང་གུང་ཀྲུང་དབྱང་ལ་ཆོག་མཆན་ཞུས་རྗེས་ཧུའུ་དབྱི་ཧྥེང་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་གཏོང་བའི་ཆད་པ་གཅོད་རྒྱུ་དང་། གཏན་འབེབས་ལྟར་ཟླ་ཕོགས་སོགས་མེད་པ་བཟོ་རྒྱུ། དེའི་ཁྲིམས་འགལ་ལུགས་འགལ་གྱི་ཐོབ་ཆ་རྩིས་ལེན་བྱ་རྒྱུ་ཡིན་ཞིང་། དེའི་ཉེས་བསགས་དོགས་ཡོད་གནད་དོན་རྣམས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཞིབ་བཤེར་དང་གཏུག་བཤེར་བྱ་རྒྱུར་རྩིས་སྤྲོད་རྒྱུ་དང་འབྲེལ་ཡོད་ཀྱི་རྒྱུ་ནོར་ཡང་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།