ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

དྲ་ཐོག་ཏུ་གཞིས་རྩེར་ཉིན3རིང་འགྲོ་སྐྱོད་བཀག་སྡོམ་བྱ་རྒྱུ་ཟེར་བ་བདེན་ནམ།

སྤེལ་དུས 2022-11-14 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
      སྤྱི་ཟླ11ཚེས12ཉིན། དྲ་དམངས་ཤིག་གིས་དྲ་ལམ་དུ་“གཞིས་ཀ་རྩེའི་ཁྱབ་ཁོངས་ཡོངས་སུ་མུ་མཐུད་དུ་ཉིན3ལ་འགྲོ་བསྐྱོད་བཀག་སྡོམ་དོ་དམ་བྱ་རྒྱུ་ཡིན་ཞིང་། དེའི་རིང་གྲོང་ཁྱེར་ཡོངས་སུ་སྡེ་ཁུལ(གྲོང་ལྷན)ལ་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ལག་བསྟར་ནན་མོ་བྱས་ནས། མི་རྣམས་ཁྱིམ་དུ་སྡོད་པ་ལས་ཕྱི་རུ་འགྲོ་མི་ཆོག རིམས་འབྲེལ་སྔོན་འགོག་དང་ཚོད་འཛིན་མི་སྣ་གྲོང་ཁྱེར་ས་ཁོངས་སུ་འགྲོ་སྐྱོད་བྱེད་པར་གྲོང་ཁྱེར་སྔོན་འགོག་ཚོད་འཛིན་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས”ཞེས་པའི་ཆ་འཕྲིན་ཞིག་སྤེལ་ཡོད། གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ལ་ཆ་འཕྲིན་དེ་བདེན་མིན་གྱི་གནས་ཚུལ་དྲིས་པར།  ཆ་འཕྲིན་དེ་རྫུན་མ་ཡིན་པ་ར་སྤྲོད་བྱུང་ཡོད་པ་རེད། ད་ལྟ་སྤྱི་བདེ་ལས་ཁུངས་ཀྱིས་རྫུན་གཏམ་སྒྲོག་མཁན་རྗེས་འདེད་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། རྒྱ་ཆེའི་གྲོང་མི་རྣམས་དངངས་སྐྲག་མི་སྐྱེས་པར་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་མི་བསྒྲགས་པ་བྱེད་དགོས། གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས་སྤེལ་བའི《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྔར་བས་ལེགས་སུ་བཏང་ནས། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་སྔོན་འགོག་ཚོད་འཛིན་ལས་དོན་ལེགས་པར་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》ཡི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལེགས་པར་བསྒྲུབ་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།