ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

མི་གསུམ་གྱིས་ལམ་ཡིག་རྫུན་བཟོ་དང་ཉོ་འཚོང་བྱས་པས་བཀག་ཉར་བྱས་འདུག

སྤེལ་དུས 2022-11-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཉེ་ཆར།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས་རིམས་ནད་བྱུང་བའི་རིང་རིམས་ནད་དང་འབྲེལ་བའི་ལམ་ཡིག་རྫུན་བཟོ་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས།  རིམས་ནད་དང་འབྲེལ་བའི་ལམ་ཡིག་རྫུན་བཟོ་དང་འབྲེལ་ཉོ་ཚོང་དང་བེད་སྤྱོད་བྱས་པའི་གྱོད་གཞི་ཞིག་རྩད་ཆོད།
            དཔེ་མཚོན་གྱོད་དཔེ།
  ཟླ11པའི་ཚེས7ཉིན་གྱི་ཆུ་ཚོད12ཙམ་ལ།  ཀྲུའུ་ཆེ་གེ་མོས་རླངས་འཁོར་བཏང་ནས་ཁྲེང་ཀོན་མེ་ཏོག་ལྡུམ་རའི་འགྲམ་གྱི་ཁུལ་ཆུང་ཞིག་གི་བྱང་ངོས་ཀྱི་འགྲིམ་འགྲུལ་ཉེན་རྟོག་པའི་འགག་སྒོ་སྒྲོལ་སྐབས། ལས་སྒྲུབ་མི་དམངས་ཉེན་རྟོག་པས་རླངས་འཁོར་དེའི་འགྲོ་སྐྱོད་ལག་ཁྱེར་རྫུན་བཟོ་བྱས་པ་ཤེས་རྟོགས་བྱུང་བ་རེད།  མི་དམངས་ཉེན་རྟོག་པས་འདྲི་རྩད་བྱས་པ་བརྒྱུད་ཀྲུའུ་ཆེ་གེ་མོས་ལམ་ཡིག་དེའི་ཡོང་ཁུངས་གསལ་པོ་བཤད་རྒྱུ་མེད་པས།  རྔ་ཆེན་མངགས་གཏོང་ཁང་དུ་བརྟག་དཔྱད་བྱེད་པར་འཁྲིད།
   
  བརྟག་དཔྱད་བྱས་པ་བརྒྱུད།  ཟླ11པའི་ཚེས1ཉིན།  རན་ཆེ་གེ་མོས་རང་འཚམས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རླངས་འཁོར་གྱི་ལམ་ཡིག་དང་འབྲེལ་ཡོད་ལས་ཀའི་ལག་ཁྱེར་པར་བརྒྱབ་པ་དང་། ལག་ཐོགས་ཁ་པར་གྱི་མཉེན་ཆས་ལ་བརྟེན་ནས་བཟོ་བཅོས་བརྒྱབ་རྗེས།  འཁོར་རིགས་འགྲོ་སྐྱོད་ཆོག་པའི་ལག་ཁྱེར་གསུམ་དང་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཁོ་སྤྲོད་འགན་ལེན་གྱི་གཙོ་གནད་མི་སྣའི་ལས་ཀའི་ལག་ཁྱེར་གཅིག་པར་བརྒྱབ་པ་མ་ཟད།  ཟླ11པའི་ཚེས2ཉིན་སྒོར1200ཡི་རིན་གོང་ཐོག་ནས་ཀྲོའུ་ཆེ་གེ་མོར་རླངས་འཁོར་གྱི་འགྲོ་སྐྱོད་ལག་ཁྱེར་གཅིག་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་ལེན་མི་སྣ་གཙོ་བོའི་ལས་ཀའི་ལག་ཁྱེར་གཅིག་བཙོངས་པ་དང་། ཟླ11པའི་ཚེས3ཉིན་སྒོར1000ལྟར་ཀྲུའུ་ཆེ་གེ་མོར་རླངས་འཁོར་གྱི་འགྲོ་སྐྱོད་ལག་ཁྱེར་གཅིག་བཙོངས། རླངས་འཁོར་གྱི་ལམ་ཡིག་གཅིག་རན་ཆེ་གེ་མོ་སོ་སོས་བེད་སྤྱོད་བྱས་ཡོད། 
   
  མིག་སྔར།  ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། རན་ཆེ་གེ་མོ་སྲིད་འཛིན་བཀག་ཉར་བྱས་པ་དང་། ཁྲིམས་འགལ་གྱི་ཐོབ་ཆ་སྒོར2200གཞུང་བཞེས་བཏང་བ། ཀྲོའུ་ཆེ་གེ་མོ་དང་ཀྲུའུ་ཆེ་གེ་མོ་གཉིས་སྲིད་འཛིན་བཀག་ཉར་བྱས་པ་དང་། གོང་གསལ་རྫུན་བཟོ་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་ལེན་མི་སྣ་གཙོ་བོའི་ལས་ཀའི་ལག་ཁྱེར་དང་རླངས་འཁོར་གྱི་འགྲོ་སྐྱོད་ལག་ཁྱེར་བསྡུས་ཡོད།
  བཅའ་ཁྲིམས་ཀྱི་གཞི་འཛིན་ས།
  《བདེ་འཇགས་དོ་དམ་གྱི་ཆད་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ང་གཉིས་པར་ནང་གཏན་འབེབས་བྱས་དོན། གཤམ་གསལ་བྱ་སྤྱོད་ནང་གི་གཅིག་ཡོད་ཚེ། ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་ཆིག་སྟོང་མན་གྱི་དངུལ་ཆད་བཅད་ཆོག་པ་དང་། ཉེས་ཚབས་ཅུང་ཆུང་བར་ཉིན་ལྔ་ཡན་ནས་ཉིན་བཅུ་མན་གྱི་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་བཅད་ཆོག་པ་སྟེ།
  གཅིག  རྒྱལ་ཁབ་ཀྱི་ལས་ཁུངས་དང་། མི་དམངས་ཀྱི་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། ཡང་ན་སྒྲིག་འཛུགས་གཞན་དག་བཅས་ཀྱི་གཞུང་ཡིག་དང་། ལག་ཁྱེར། ར་སྤྲོད་ཡིག་ཆ། ཐམ་ག་བཅས་རྫུན་བཟོ་དང་བསྒྱུར་བཟོའམ་ཡང་ན་ཉོ་འཚོང་བྱས་རིགས་དང་། 
  གཉིས། རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཀྱི་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། ཡང་ན་སྒྲིག་འཛུགས་གཞན་དག་བཅས་ཀྱི་གཞུང་ཡིག་དང་། ལག་ཁྱེར། ར་སྤྲོད་ཡིག་ཆ་བཅས་ཉོ་ཚོང་དང་། རྫུན་བཟོ། བསྒྱུར་བཟོ་བཅས་བྱས་རིགས། 
  བཅའ་ཁྲིམས་ཀྱི་སྣུར་སྲིང་།
  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་དོན་ཚན་དོན་བདུན་པའི་ནང་དུ་ལས་ཁུངས་དང་མི་སྒེར་གྱིས་བཅའ་ཁྲིམས་འདིའི་གཏན་འབེབས་ལས་འགལ་ནས། རིམས་ནད་འགོས་པ་དང་མཆེད་དེ་མི་གཞན་གྱི་ལུས་ཁམས་དང་རྒྱུ་ནོར་ལ་གནོད་འཚེ་བཟོས་ན། ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས། 
  ཉེན་རྟོག་ཕྱོགས་ཀྱི་དྲན་སྐུལ།
  རིམས་ནད་བྱུང་བའི་རིང་ལ། འཁོར་རིགས་ཀྱི་འགྲོ་སྐྱོད་ལག་ཁྱེར་དེ་འབྲེལ་ཡོད་སྡེ་ཚན་གྱིས་རིམས་འགོག་ལས་ཀའི་དགོས་མཁོ་དང་།  གཏན་འབེབས་དང་སྤྱོད་གོ་གཞིར་བཟུང་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་བཤེར་ཆོག་མཆན་སྤྲོད་ཀྱི་ཡོད།  ཚན་པ་དང་མི་སྒེར་གང་རུང་གིས་ཀྱང་རིམས་འགོག་ལག་ཁྱེར་རྫུན་བཟོ་དང་།  ཉོ་ཚོང་།  རང་མཚམས་ཀྱིས་གཞན་སྤྱོད་བཅས་བྱས་མི་ཆོག  ཁྲེང་ཀོན་སྤྱི་བདེ་ཅུས་ཀྱིས“ཐར་པ་གཏན་ནས་མི་གཏོང་བའི”རྣམ་འགྱུར་ཐོག་ནས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་དེ་རིགས་ལ་རྡུང་རྡེག་ཚ་ནན་བཏང་སྟེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་རྒྱུ།
  རྩོམ་སྒྲིག་པ། བདེ་སྒྲོན།