ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཅི་གོ་ཀང་ལ་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱེད་བཞིན་པ།

སྤེལ་དུས 2022-11-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཅི་གོ་ཀང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་པ་ཡོད་པས། མིག་སྔར་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

ཅི་གོ་ཀང་གི་ལོ་རྒྱུས་མདོར་བསྡུས། 
    ཅི་གོ་ཀང་། 1962ལོའི་ཟླ8པར་སྐྱེས། ཅི་ལིན་ཡན་ཅིའི་མི་ཡིན། དེ་སྔོན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དུ་ལས་ཀ་བྱས་མྱོང་། 2013ལོའི་ཟླ་དང་པོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར། 2016ལོའི་ཟླ་དང་པོར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་འགན་འཁུར།
    གཞུང་ཕྱོགས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་11པའི་ཚེས་14ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཅིག་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གཉིས་པའི་འགོ་ཚུགས་མཛད་སྒོར་ཅི་གོ་ཀང་ཞུགས་ཡོད་པ་དང་། དེ་ནི་ཡོངས་གྲགས་ཐོག་དོན་ཐེངས་མཐའ་མ་དེ་ཡིན།
རྩོམ་སྒྲིག་པ། བདེ་སྒྲོན།