ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

འཛམ་གླིང་བུམ་པའི་སྐབས་སུ་ཆང་བཏུངས་འཁོར་གཏོང་ལ་ཞིབ་བཤེར་བྱ་རྒྱུ།

སྤེལ་དུས 2022-11-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་འཛམ་གླིང་བུམ་པའི་སྐབས་སུ་ཆང་བཏུངས་རྗེས་རླངས་འཁོར་གཏོང་བ་དང་ར་བཟི་ནས་རླངས་འཁོར་གཏོང་བར་ཞིབ་བཤེར་ནན་པོ་བྱ་རྒྱུ་རེད།
  ཁ་ཐར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འགོ་བརྩམས་ཤིང་། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ཚེས་19ཉིན་དྲན་སྐུལ་བྱས་དོན། ཚེ་སྲོག་ལ་རིན་ཐང་བྲལ་བས། ཆང་བཏུངས་རྗེས་རླངས་འཁོར་གཏོང་མི་ཆོག ཡ་རབས་ལྡན་པའི་ངང་འགྲན་བསྡུར་ལ་གཟིགས་པ་དང་། ཆང་བཏུངས་འཁོར་གཏོང་དང་རྒྱང་དུ་གྱེས་ཤིག
  འཛམ་གླིང་བུམ་པའི་སྐབས་སུ། རྒྱལ་ཡོངས་ཀྱི་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ཆང་བཏུངས་རྗེས་རླངས་འཁོར་གཏོང་བ་དང་ར་བཟི་ནས་རླངས་འཁོར་གཏོང་བའི་བྱ་སྤྱོད་ལ་བཅོས་སྒྲིག་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ། ཆང་བཏུངས་རྗེས་རླངས་འཁོར་གཏོང་བ་དང་ར་བཟི་ནས་རླངས་འཁོར་གཏོང་བའི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱ་རྒྱུ་དང་། འཛམ་གླིང་བུམ་པའི་སྐབས་སུ་ཆང་བཏུངས་རྗེས་རླངས་འཁོར་གཏོང་བ་དང་ར་བཟི་ནས་རླངས་འཁོར་བཏང་སྟེ་ཆག་སྒོ་བཟོ་བར་སྔོན་འགོག་ནན་པོ་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་རེད།
  རྒྱ་ཆེའི་སྤོ་ལོར་དགའ་མཁན་རྣམས་ཀྱིས་ལོ་བཞིར་ཐེངས་རེའི་རྐང་གྲུག་རྒྱས་སྟོན་གྱི་མདུན་བསུས་པས། ལྷན་དུ་འགྲན་བསྡུར་ལ་ལྟ་སྐབས་ཆང་མང་པོ་བཏུང་སྲིད། འོན་ཀྱང་ཆང་བཏུངས་རྗེས་རླངས་འཁོར་གཏོང་བ་དང་ར་བཟི་ནས་རླངས་འཁོར་གཏོང་བ་ནི་ཉེན་ཁ་ཧ་ཅང་ཆེ་བའི་བྱེད་སྟངས་ཤིག་རེད། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་རྒྱ་ཆེའི་སྤོ་ལོར་དགའ་མཁན་རྣམས་ལ་དྲན་སྐུལ་ཞུ་རྒྱུར། དགའ་བ་འབུམ་གྱིས་འགྲན་བསྡུར་ལ་ལྟ་བཞིན། ཕོར་བ་བཏེགས་ནས་དགའ་འབོད་བྱེད་པ་ལས་གཞན། འགྲིམ་འགྲུལ་བདེ་འཇགས་ཡིད་ལ་དམ་པོར་འཛིན་དགོས་ཏེ། ཡ་རབས་ལྡན་པའི་ངང་འགྲན་བསྡུར་ལ་བལྟ་བ་དང་། སྤྲོ་སྣང་དོད་པའི་ངང་སྤོ་ལོར་བལྟ་དགོས་པར་མ་ཟད། ཆང་བཏུངས་འཁོར་གཏོང་དང་རྒྱང་དུ་གྱེས་ནས། རང་ཁྱིམ་དུ་ལོག་དགོས་པ་དང་། སྟེས་དབང་གི་བསམ་བློ་གཏན་ནས་བཅངས་མི་ཆོག ལྷན་དུ་འཛོམས་ནས་འགྲན་བསྡུར་ལ་ལྟ་བ་དང་ཆང་བཏུངས་བའི་གཉེན་ཉེ་དང་གྲོགས་པོ་ཡིས། ཆང་བཏུངས་རྗེས་རླངས་འཁོར་གཏོང་བ་དང་ར་བཟི་ནས་རླངས་འཁོར་གཏོང་བར་བཀག་འགོག་བྱ་དགོས། ཟ་ཁང་དང་ཆང་ཁང་། ཆང་དང་འབྲེལ་བའི་རོལ་རྩེད་ཁང་སོགས་ཀྱིས་རང་འགུལ་ངང་དྲིལ་སྒྲོག་དང་དྲན་སྐུལ་བྱས་ནས། ནང་མི་དང་གྲོགས་པོ། སྤྱི་ཚོགས་བཅས་ཀྱི་བདེ་འཇགས་ལ་འགན་འཁུར་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།