ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ས་ཆ་འདིའི་བཟོ་ཁང་ཞིག་ཏུ་མེ་ཤོར་ནས་མི38རྐྱེན་ལམ་དུ་ཤོར་འདུག

སྤེལ་དུས 2022-11-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

  སྤྱི་ཟླ་11པའི་ཚེས་21ཉིན་གྱི་ཆུ་ཚོད་16དང་སྐར་མ་22ཐོག ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ལ་མང་ཚོགས་ཀྱི་ཉེན་བརྡ་འབྱོར་བ་སྟེ། ཨན་དབྱང་གྲོང་ཁྱེར་ཝུན་ཧྥེང་ཁུལ(མཐོ་གསར་ཁུལ)པའོ་ལན་དགོན་གྲོང་རྡལ་ཕིང་ཡོན་ལམ་དུ་གནས་པའི་ཁའེ་ཤིན་ཏ་ཚོང་དོན་ཚད་ཡོད་ཀུང་སིར་མེ་སྐྱོན་བྱུང་འདུག་ཅེས་བརྗོད་ཡོད་པ་རེད། ཉེན་བརྡ་འབྱོར་རྗེས། གྲོང་ཁྱེར་དེ་གའི་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་འཕྲལ་མར་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་ཐག་གཅོད་བྱེད་པར་མངགས་པ་དང་། སྤྱི་བདེ་དང་། འཕྲལ་སྡོམ། གྲོང་སྲིད། འཕྲོད་བསྟེན་བདེ་ཐང་། གློག་འདོན་སོགས་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་མཉམ་འགུལ་ཚན་པས་ཀྱང་དུས་མཚུངས་སུ་ས་གནས་ས་ཐོག་ཏུ་བསྐྱོད་དེ་འཕྲལ་སྡོམ་བཀོད་སྒྲིག་དང་རོགས་སྐྱོབ་ལས་དོན་སྤེལ་བ་རེད། ཉིན་དེའི་ཆུ་ཚོད་20ཙམ་ལ་མེ་ཤོར་ཚུལ་སྤྱིར་ན་ཚོད་འཛིན་ཐུབ་ཅིང་། ཆུ་ཚོད་23ཡོལ་ཙམ་ལ་ཡུལ་དངོས་ཀྱི་མེ་རྦད་དེ་བསད་ཐུབ་ཡོད།

  ཞིབ་བཤེར་བྱས་པར་གཞིགས་ན། མིག་སྔའི་བར་སླེབས་དུས། ད་ཐེངས་ཀྱི་ལས་འཛོལ་དོན་རྐྱེན་ཁྲོད་མི་38རྐྱེན་ལམ་དུ་ཤོར་བ་དང་། མི་2ལ་རྨས་སྐྱོན་ཕྲན་བུ་ཕོག་ནས་སྨན་བཅོས་བྱེད་པར་བསྐྱལ་ཟིན་ཞིང་གཉིས་ཀར་སྲོག་ཉེན་འཕྲད་མེད། མིག་སྔར་སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་ཉེས་གསོག་དོགས་ཡོད་པ་ཚོད་འཛིན་བྱས་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།