ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

རིམས་ནད་ལ་ཉམས་ཚོད་བླངས་པས་འཚོ་ཐབས་ལ་དཀའ་ངལ་བཟོས།

སྤེལ་དུས 2022-11-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

     ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལས་འགོ་བསྐྱར་ཚུགས་ཀྱི་ཚོང་དུད་ཁག་ལ་བལྟ་བཤེར་བྱེད་སྐབས་རིམས་འགོག་གི་འབྲེལ་ཡོད་ཁྲིམས་སྲོལ་མདུན་དུ་རྒྱ་ཆེའི་ཚོང་དུད་མང་ཆེ་བས་རིམས་འགོག་གི་བླང་བྱ་ལྟར་གཅིག་བཤེར་གསུམ་དཔྱད་གཅིག་བརྟག་གི་བྱ་ཐབས་སྤྱད་དེ་ཚུལ་སྤྱོད་བདེ་འཇགས་སུ་གནས་པའི་སྐབས་འདིར་ཚོང་དུད་ཁག་ཅིག་གིས་རིམས་ནད་ལ་ཉམས་ཚོད་ལེན་པའི་ལྟ་བུའི་འདུས་ཤེས་ཀྱིས་བདེ་སྐྱིད་འཁོས་སུ་ཕེབས་པའི་རིམས་འགོག་གི་འབྲེལ་ཡོད་བླང་བྱ་སྣང་མེད་དུ་བཏང་རྐྱེན་ཆུ་ངན་ལམ་ཞུགས་མི་ཡོང་ཆེད་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ས་གནས་ས་ཐོག་ཏུ་ཚོང་དུད་ལྔར་སྤང་བླང་དོན་ཚང་ཚུལ་བཞིན་བྱེད་དགོས་རྒྱུའི་བརྡ་བཏང་བ་དང་སྦྲགས་ཚོང་དུད་བཞི་ལས་འགོ་བསྐྱར་ཚུགས་བྱེད་མཚམས་བཞག་ནས་བཅོས་སྒྲིག་བྱེད་དགོས་པའི་ཆད་པ་བཅད་འདུག

      ལས་འགོ་བསྐྱར་ཚུགས་བྱེད་མཚམས་བཞག་པའི་ཚོང་དུད་དེ་དག་ནི་ཁྲེང་ཀོན་ཆུས་ཚལ་གུང་ཐང་སྲང་ལམ་དཔལ་སྡིངས་སྡེ་ཁུལ་གྱི་གྲོང་ཤར་ཅིན་ཅུན་འཁོར་ལོ་ཕྱིར་ཚོང་པུའུ་དང་། ཁྲེང་ཀོན་ཆུས་ཚལ་གུང་ཐང་སྲང་ལམ་དཔལ་སྡིངས་སྡེ་ཁུལ་གྱི་སྒྲོལ་མའི་རླངས་འཁོར་མཛེས་བཟོ་ལྟེ་གནས། ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་བརྒྱད་གཅིག་སྡེ་ཁུལ་གྱི་སྨན་སྦྱོར་མཁས་པའི་སྨན་རྫས་ཚོང་ཁང་། ཁྲེང་ཀོན་ཆུས་ཀརྨ་དགོན་གསར་སྲང་ལམ་འོ་བརྒྱལ་ཐང་སྡེ་ཁུལ་གྱི་བོད་ལྗོངས་མཛེས་ལྡན་མ་སྨན་རྫས་མུ་འབྲེལ་ཚད་ཡོད་ཀུང་སིའི་ལྕགས་རོང་སྨན་རྫས་ཚོང་ཁང་བཅས་རེད་འདུག

      ཤེས་རྟོགས་བྱུང་བར་གཞིགས་ན།ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ལས་འགོ་བསྐྱར་ཚུགས་ཀྱི་ཁྲོམ་རའི་གཙོ་གཟུགས་ཚོང་དུད་ཁག་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད། ལས་དོན་བསྐྱར་ཚུགས་བྱེད་མཚམས་བཞག་པའི་ཚོང་དུད་དག་ཡིད་རྟོན་ཐོ་འགོད་དང་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་ཀྱི་ཐོ་ཁོངས་སུ་འཇུག་རྒྱུ་ཡིན་པ་རེད། དེར་བརྟེན་རྒྱ་ཆེའི་ཚོང་དུད་ཁག་གིས་ངེས་པར་དུ་གོང་གསལ་གྱི་ཆད་གཅོད་དག་བསླབ་བྱར་བླངས་ཏེ་ལྷོད་གཡེང་དང་སྟེས་དབང་གི་བསམ་བློ་དོར་ནས་རིམས་འགོག་བྱ་ཐབས་ཁག་སྤང་བླང་དོན་ཚང་ཚུལ་བཞིན་དོན་འཁྱོལ་བྱེད་དགོས་པའི་དྲན་སྐུལ་ཞུས་འདུག

རྩོམ་སྒྲིག་པ། བདེ་སྒྲོན།