ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

སྒོར་དུང་ཕྱུར་5.4ཡི་ལྐོག་རྔན་བླངས་པས་དུས་འགྱངས་སྲོག་ཆད་ཀྱི་ཁྲིམས་ཐག་བཅད་པ།

སྤེལ་དུས 2023-01-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     སྤྱི་ལོ2023ལོའི་ཟླདང་པོའི་ཚེས6ཉིན། ཧྲན་ཏུང་ཞིང་ཆེན་ཐའེ་ཨན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལིའོ་ཉིན་སྲིད་གྲོས་ཀྱི་དེ་སྔའི་ཏང་འཛུགས་ཁོངས་མི། ཀྲུའུ་ཞི་གཞོན་པ་ལི་ཝུན་ཞིས་རྒྱུ་རྔན་ཟ་ལེན་བྱས་པའི་གྱོད་གཞི་ཡོངས་བསྒྲགས་བྱས།

     ཞུ་སྦྱོར་ཕྱི་མ་ལི་ཝུན་ཞི་ཡིས་ལྐོག་རྔན་ཟ་ལེན་གྱི་ཉེས་པ་བསགས་པས་སྲོག་ཁྲིམས་བཅད་ཅིང་། ལོ་གཉིས་ཕྱིར་འགྱངས་ཀྱིས་ལག་བསྟར་བྱ་རྒྱུ། ཚེ་གང་གི་ཆབ་སྲིད་ཁེ་དབང་བཙན་འཕྲོག་བྱས་པ་མ་ཟད།མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་རྒྱུ་དང་། དེའི་སྲོག་ཁྲིམས་ལག་བསྟར་ཕྱིར་འགྱངས་ལོ་གཉིས་ཀྱི་དུས་ཚད་ཐིམ་རྗེས་ཁྲིམས་ལྟར་ཚེ་བཙོན་གྱི་ཉེས་ཆད་བཏང་རྗེས།ཚེ་བཙོན་བྱ་རྒྱུ་དང་ཉེས་ཆད་བཅའ་ཡང་དུ་བཏང་མི་ཆོག་པ་དང་། ཚོད་ལྟའི་གློད་འགྲོལ་བཏང་མི་ཆོག གྱོད་དོན་རྩད་ཞིབ་བཀག་ཉར་བྱས་པའི་ལི་ཝུན་ཞི་ཡིས་རྒྱུ་རྔན་ཟ་ལེན་བྱས་པ་ལས་བྱུང་བའི་ཐོབ་ཆ་དང་དེའི་སྐྱེད་འཕེལ་ཁྲིམས་ལྟར་བདའ་འདེད་བྱས་ནས་རྒྱལ་མཛོད་ལ་འབུལ་དགོས།
     འདྲི་ཞིབ་བྱས་ནས་རྩད་ཆོད་དོན། སྤྱི་ལོ་2004ལོ་ནས་སྤྱི་ལོ་2012ལོའི་བར་ཞུ་སྦྱོར་ཕྱི་མ་བ་ལི་ཝུན་ཞི་ཡིས་ལེའོ་ཉིང་ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་དང་། ལེའོ་ཉིང་ཞིང་ཆེན་སྲིད་གྲོས་ཀྱི་ཏང་འཛུགས་ཁོངས་མི་དང་ཀྲུའུ་ཞི་གཞོན་པ། ཀྲུང་གོ་ཉེན་རྟོག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་གོ་གནས་ཐད་ཀྱི་སྟབས་བདེ་དང་འགན་དབང་ངམ་ཡང་ན་གནས་བབ་ཀྱི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས། མི་གཞན་གྱི་གྱོད་གཞི་སྒྲུབ་པ་དང་ཁེ་ལས་གཉེར་སྐྱོང་སོགས་བྱེད་པར་རོགས་རམ་བྱས་ཤིང་། སྤྱི་ལོ་2006ལོ་ནས་སྤྱི་ལོ་2021ལོའི་བར།ལི་ཝུན་ཞིས་མི་གཞན་གྱིས་སྤྲད་པའི་རྒྱུ་ནོར་བླངས་པར་ཁྱོན་བསྡོམས་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་5.4ལྷག་ཟིན་ཡོད།

     ཐའེ་ཨན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ལི་ཝུན་ཞི་ཡི་བྱ་སྤྱོད་ཀྱིས་ལྐོག་རྔན་ལེན་པའི་བྱས་ཉེས་གྲུབ་ཅིང་། དེའི་གྲངས་འབོར་ཧ་ཅང་ཆེ་བ་དང་།ཉེས་ཚབས་ཧ་ཅང་ཆེ་བ། སྤྱི་ཚོགས་ལ་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་ཡོད་པ། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཧ་ཅང་ཆེན་པོ་ཕོག་ཡོད་པས་སྲོག་ཁྲིམས་གཅོད་འོས་པ་གཏན་འཁེལ་བྱས།

     ལི་ཝུན་ཞིས་ནག་ཉེས་ཇི་བཞིན་ངོས་ལེན་ཞུས་པ་དང་། གྱོད་གཞི་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་མ་ཤེས་པའི་རྒྱུ་རྔན་ཟ་ལེན་གྱི་དོན་དངོས་ཁག་གཅིག་རང་འགུལ་ངང་ཞུས་པ་དང་། ནག་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་ལ། ཧུར་ཐག་གིས་གྱོད་འབྲེལ་དངུལ་ཕྱིར་སློག་བྱས་པ། ལྐོག་རྔན་བླངས་པའི་ཐོབ་ཆ་དང་དེའི་སྐྱེད་འཕེལ་ཚང་མ་ཕྱིར་སློག་དང་། འབྲེལ་ཡོད་ཀྲུང་དབྱང་དོ་དམ་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཐེར་འདོན་བྱས་པ། ཞིབ་དཔྱད་བྱས་རྗེས་ཁོས་ཐེར་འདོན་བྱས་པ་དག་དོན་དངོས་དང་མཐུན་པས་བྱས་རྗེས་ཆེན་པོ་བཞག་ཡོད་དེ། ཁྲིམས་ལྟར་ཉེས་ཆད་གུ་ཡངས་སུ་གཏོང་འོས་བ་ལྟར། སྲོག་ཁྲིམས་བཅད་པར་མྱུར་དུ་ལག་བསྟར་མི་བྱེད་པར་བྱས། ལི་ཝུན་ཞི་ཡིས་བྱས་ཉེས་བསགས་པའི་དོན་དངོས་དང་གནས་ཚུལ་ལ་གཞིགས་ནས་སྲོག་ཁྲིམས་ལག་བསྟར་ཕྱིར་འགྱངས་ལོ་གཉིས་བྱེད་པའི་དུས་ཚད་ཐིམ་རྗེས། ཁྲིམས་ལྟར་ཚེ་གང་བཙོན་འཇུག་དང་། ཉེས་ཆད་བཅའ་ཡང་གཏོང་རྒྱུ་མེད་པ། ཚོད་བགམ་གློད་འགྲོལ་གཏོང་མི་ཆོག་པའི་གཏན་འཁེལ་བྱས་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།