ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

གཞིས་རྩེས་གློག་འཕྲིན་ཁ་བསླུས་ཐེབས་པའི་སྒོར་ཁྲི777.8མང་ཚོཊ་ལ་་

སྤེལ་དུས 2023-01-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     སྤྱི་ཟླ་དང་པོའི་ཚེས་4ཉིན་གྱི་ཕྱི་དྲོ། གཞིས་ཀ་རྩེ་གྲོང་ཁྱེར་ཉེས་དོན་མྱུར་ཞིབ་ཡན་ལག་རུ་ཁག་གིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞིའི་གྱོད་འབྲེལ་མ་དངུལ་གཅིག་བསྡུས་ཐོག་ཕྱིར་སློག་བྱེད་པའི་བྱེད་སྒོ་ཞིག་སྤེལ་བ་རེད།
     བྱེད་སྒོའི་ཐོག གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཕོག་མཁན་ཚོར་བདའ་འདེད་ཐུབ་པའི་གྱོད་འབྲེལ་མ་དངུལ་སྒོར་ཁྲི་777.8ཕྱིར་སློག་པ་རེད། ཁ་བསླུས་ཐེབས་པའི་དངུལ་མང་ཚོགས་ལ་རག་སྐབས་དགའ་སྣང་གིས་ཁེངས་བཞིན། མི་དམངས་ཉེན་རྟོག་པར་གཟེངས་དར་དང་ཁ་བཏགས་ཕུལ་ནས་བཀའ་དྲིན་ཆེ་ཞུས་ཡོད།

     གཞིས་ཀ་རྩེ་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གནོད་འཚེ་ཕོག་མཁན་མང་ཚོགས་ཚོས་རང་ཉིད་མགོ་སྐོར་ཐེབས་པའི་ཉམས་མྱོང་དང་སྦྲགས་ནས་ཉེ་འཁོར་གྱི་མང་ཚོགས་དང་། དགའ་ཉེན་སྤུན་གྲོགས་ལ་ཁ་ཏ་སློབ་གསོ་བརྒྱབ་སྟེ། མི་དམངས་མང་ཚོགས་ཀྱི་ཉེན་ཟོན་འདུ་ཤེས་ཆེ་རུ་བཏང་ནས་གཞན་གྱི་ཁ་བསླུས་མི་ཐེབས་པ་བྱེད་པའི་རེ་བ་ཡོད་ཅེས་བརྗོད་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།