ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ལྷ་སའི་སྡེ་ཚན་དགུས་སྨན་བཅོས་མཛེས་བཟོའི་ལས་རིགས་བཅོས་སྒྲིག་བྱས་པ།

སྤེལ་དུས 2023-01-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་མཛེས་བཟོའི་ལས་རིགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས།  སྨན་བཅོས་མཛེས་བཟོའི་ལས་རིགས་ཀྱི་མངོན་གསལ་དོད་པའི་གནད་དོན་གཙང་བཤེར་དང་བཅོས་སྒྲིག་བྱ་ཆེད།  ཉེ་ཆར།  ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་ཅུས་ཀྱིས་སྣེ་ཁྲིད་དེ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་།  སྤྱི་བདེ་ཅུས།  ཚོང་དོན་ཅུས།  འགག་སྒོ།  ཁྲལ་དོན་ཅུས། དྲ་ཐོག་ཆ་འཕྲིན་གཞུང་ལས་ཁང་། འབྲིང་རིམ་མི་དམངས་ཁྲིམས་ཁང་།  ཞིབ་དཔྱོད་ཁང་སོགས་སྡེ་ཚན9སྒྲིག་འཛུགས་ཀྱིས་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་ཆེད་སྒྲུབ་ཚོགས་ཆུང་བཙུགས་ཏེ། གཅིག་སྡུད་གཙང་བཤེར་དང་རིགས་དབྱེ་བཅོས་སྒྲིག་གི་བྱེད་ཐབས་སྤྱད་དེ་ཁྲོམ་རའི་བྱེད་པོར“ལག་ཁྱེར་དང་དཔང་ཡིག་གཉིས་ཀ་ཡོད་པ”དང“ལག་ཁྱེར་ཡོད་ཀྱང་དཔང་ཡིག་མེད་པ”  “ལག་ཁྱེར་དང་དཔང་ཡིག་གཉིས་ཀ་མེད་པ”བཅས་ཀྱི་རྩིས་ཐོ་གསུམ་དང་ཁྲིམས་འགལ་ཁུངས་སྣེ་གཙོ་བོའི་རྩིས་ཐོ་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས།  གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་མཛེས་བཟོའི་སྒྲིག་གཞི་དང་འཚོ་བའི་མཛེས་བཟོ་སྒྲིག་གཞི་སོགས་ཚན་པ་དང་བྱེད་སྒོ་སྤེལ་བའི་ཡུལ་དངོས་སུ་ཞིབ་བཤེར་བྱས།

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་ཅུས་ཀྱིས་མཁོ་འདོན་བྱེད་བཞིན་པ།
          ཐེངས་འདིའི་ཆེད་དོན་བཅོས་སྒྲིག་ལས་དོན་ནང་དུ་མང་ཚོགས་ཀྱི་བསམ་འཆར་མང་བའི་ཚོང་གཉེར་དྲིལ་སྒྲོག་རྫུན་མ་དང་།  ཁྲིམས་འགལ་གྱི་བརྡ་ཁྱབ་རྫུན་མ།  ཁྲིམས་འགལ་ངང་སྨན་བཅོས་མཛེས་བཟོ་བྱེད་རིགས། ཁྲིམས་དང་མི་མཐུན་པའི་ངང་སྨན་རྫས་དང་སྨན་བཅོས་ཡོ་བྱད་འཚོང་རིགས།  གྲོན་དངུལ་ཁྲལ་དངུལ་དང་འབྲེལ་བ་ཡོད་པ་དང་དྲ་ཐོག་དང་དྲ་ཕྱིའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་སྨན་བཅོས་མཛེས་བཟོའི་གཉེར་སྐྱོང་བྱེད་པོ14ལ་ཞིབ་བཤེར་བྱས།
         ཞིབ་བཤེར་བྱེད་རིང་སྨན་བཅོས་ལས་གཉེར་ཆོག་འཐུས་ལག་ཁྱེར་གྱི་དུས་ཚོད་ཡོལ་ཡོད་པ1དང་། སྤྱི་པའི་འདུ་གནས་ཀྱི་འཕྲོད་བསྟེན་ཆོག་འཐུས་ལག་ཁྱེར་གཉེར་མེད་པ1དང་།  ལས་སྒྲུབ་མི་སྣའི་བདེ་ཐང་ལག་ཁྱེར་གཉེར་མེད་པ1བཅས་ཤེས་རྟོགས་བྱུང་ཡོད། བརྟག་དཔྱད་བྱས་པ་བརྒྱུད།  གོང་གསལ་གྱི་གནད་དོན་ཚང་མ་རིམས་ནད་ཀྱི་རྐྱེན་པས་དུས་ཐོག་ཏུ་རྒྱུན་མཐུད་དང་བརྗེ་འགྱུར་སོགས་ཀྱི་འགྲོ་ལུགས་གཉེར་ཐུབ་མེད་པ་ཤ་སྟག་རེད།  ཁྲིམས་འཛིན་མི་སྣས་ས་གནས་ས་ཐོག་ཏུ་གཉེར་སྐྱོང་བྱེད་པོ་གཙོ་བོར་དག་ཐེར་བྱ་རྒྱུའི་བཀའ་བཏང་བ་དང་།  ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་མཛེས་བཟོའི་བྱུག་རྫས་རང་དགར་བཟོ་མཁན་ཚོང་དུད1དང་མཛེས་བཟོའི་བྱུག་རྫས་ནང་ནད་རིགས་སྨན་བཅོས་ཀྱི་ནུས་པ་ལྡན་པའི་ཚོང་དུད1ལ་དག་ཐེར་བྱེད་དགོས་པའི་བརྡ་ཐོ2བཀྲམས་པར་མ་ཟད།  ཁྲིམས་འཛིན་མི་སྣས་ཡུལ་དངོས་སུ་སྨན་བཅོས་མཛེས་བཟོའི་བརྡ་ཁྱབ4མེད་པར་བཟོས།    
         རིམ་པ་རྗེས་མར།  ལྷ་ས་གྲོང་ཁྱེར་གྱིས་དྲིལ་སྒྲོག་སློབ་གསོ་ཤུགས་ཆེར་བཏང་ནས།  སྤྱི་དམངས་ལ་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་སྲིད་ཇུས་དྲིལ་སྒྲོག་དང་གསལ་འགྲེལ་བྱེད་པ་དང་། ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ།  སྤྱི་ཚོགས་ཡོངས་ཀྱི་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་བ།  སྤྱི་དམངས་ཀྱི་ཚུལ་མཐུན་ཤེས་པར་ཁྲིད་སྟོན་བཅས་བྱས་ཏེ་སྐྱོན་བྲལ་ཡར་བརྩོན་གྱི་མཛེས་དཔྱད་འདུ་ཤེས་དང་འཛད་སྤྱོད་འདུ་ཤེས་དར་སྤེལ་གཏོང་རྒྱུ་དང་ཆབས་ཅིག  བཅོས་སྒྲིག་བྱེད་ཤུགས་ཀྱང་ཆེ་རུ་བཏང་ནས“སྨན་པ་རྫུན་མ”དང“སྒྲིག་གཞི་རྫུན་མ”  “རྣམ་གྲངས་རྫུན་མ”བཅས་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་།ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ཀྱི་དཔེ་མཚོན་གྱོད་དཔེ་དམར་རྗེན་དུ་འདོན་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།