ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ནང་ཆེན་དུ་ཤོ་རྒྱག་མཁན27བཟུང་།

སྤེལ་དུས 2024-11-04 ཡོང་ཁུངས། མཆོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། རྩོམ་པ་པོ།
“དུས་བདེ་འཛུགས་སྐྲུན”བྱས་པའི་ཚུན་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་སྤྱི་བདེ་ཅུའུ་ཡིས་ཐོག་མཐའ་བར་གསུམ་དུ་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་བདེ་འཇགས་བཅོས་སྒྲིག་གི་ཤུགས་རྒྱག་སར་བརྩིས་ནས་གཙོ་གནད་ས་ཁོངས་ལ་དམ་པོར་དམིགས་པ་དང་། བདེ་འཇགས་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱན་འགྱེད་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་བདེ་འཇགས་དང་དུས་བདེའི་བརྟན་བརླིང་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

 

ཟླ10པའི་ཚེས28ཉིན་གྱི་ཐོ་རེངས་སུ། ནང་ཆེན་རྫོང་སྤྱི་བདེ་ཅུའུ་ཤར་མདའ་ལྷོ་ཁུལ་མངགས་གཏོང་ཁང་ལ་མང་ཚོགས་ཀྱི་ཐེར་འདོན་གོང་ཞུ་འབྱོར་ཏེ། ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་གྱི་མཛེས་ལྗོངས་བལྟ་སའི་སྟེགས་བུའི་གསོལ་མགྲོན་ཁང་དུ་མི་མང་པོས་ཤོ་རྒྱག་བཞིན་ཡོད་ཅེས་བཤད་པ་རེད། 

 

སྙན་སེང་འབྱོར་རྗེས། ཤར་མདའ་ལྷོ་ཁུལ་མངགས་གཏོང་ཁང་གིས་དམིགས་བསལ་སྐོར་ཞིབ་ཉེན་རྟོག་རུ་ཆེན་དང་མཉམ་འབྲེལ་སྒོས་ཡུལ་དངོས་སུ་བསྐྱོད་ཅིང་། མགྱོགས་མྱུར་ངང་ཤོ་རྒྱག་ས་ཞིག་རྩད་ཆོད་དེ་མ་རྩ་སྒོར་ཁྲི30ཟིན་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་མི27འཛིན་བཟུང་བྱས།
མིག་སྔར། གྱོད་གཞི་མུ་མཐུད་དུ་ཐག་གཅོད་བྱེད་བཞིན་ཡོད།