“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་རྒྱ་སྐད་གཉིས་ཀྱི་མཉེན་ཆས་ཁག་ཅིག་ལ་བྱ་དགའ་ཐོབ་པ།

སྤེལ་དུས 2019-12-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            སྤྱི་ཟླ་12པའི་ཚེས་18ཉིན་རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་སྒུལ་གཏོང་དྲ་རྒྱའི་དོ་དམ་ཅུས་དང་མཚོ་སྔོན་ཞིང་ཆེན་དྲ་འཕྲིན་གཞུང་ལས་ཁང་།  སི་ཁྲོན་ཞིང་ཆེན་དྲ་འཕྲིན་གཞུང་ལས་ཁང་བཅས་ཀྱི་མཛུབ་སྟོན་འོག་གཉེར་བའི་བོད་རྒྱ་སྐད་གཉིས་ཀྱི་ཉེར་སྤྱོད་མཉེན་ཆས་འཚོལ་བསྡུ་བྱེད་སྒོ་སྐབས་གསུམ་པ་ཁྲེན་ཏུའུ་རུ་བདེ་བླག་ངང་མཇུག་སྒྲིལ་བ་རེད།
ཚོགས་རའི་ཡུལ་དངོས།

བྱེད་སྒོར་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད་མི་སྣ།
            ཐེངས་འདིའི་བྱེད་སྒོའི་གཙོ་བསྒྲུབ་ཚན་པས་འབྲེལ་ཡོད་འགོ་ཁྲིད་དང་སློབ་ཆེན་གྱི་དགེ་རྒན་ཆེན་མོ། བོད་སྐད་ཡིག་གི་ཆེད་མཁས་པ་སོགས་གདན་འདྲེན་ཞུས་ཏེ་དཔྱད་འདེམས་ཚོགས་པ་བཙུགས་པ་བརྒྱུད། ཁྱོན་བསྡོམས་མཉེན་ཆས་83ལས་36ལ་དྲ་རྒྱའི་འདེམས་ཤོག་འཕེན་པའི་གྲས་སུ་བདམས་པ་དང་། འདེམས་ཤོག་འཕང་བ་བརྒྱུད་མཐར་ཕུལ་བྱུང་ཉེར་སྤྱོད་མཉེན་ཆས19གཏན་འབེབས་བྱས་ཞིང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་སོགས་ལ་ཕུལ་བྱུང་ཉེར་སྤྱོད་མཉེན་ཆས་ཀྱི་བྱ་དགའ་ཐོབ་ཡོད་པ་རེད།

འབྲེལ་ཡོད་མི་སྣས་མཉེན་ཆས་ལ་གཟིགས་བཞིན་པ།

བྱ་དགའ་ཐོབ་པའི་འཐུས་མིས་བྱ་དགའ་ལེན་བཞིན་པ།
            ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་འདི་དུས་ཡུན་ཟླ་བ་6ལྷག་ལ་བརྒྱུད་དེ་སློབ་གསོ་དང་སྨན་བཅོས། ཡུལ་སྐོར། གློག་རྡུལ་ཚོང་ར་སོགས་ཁྱབ་ཁོངས་མང་པོའི་དགོས་མཁོ་སྐོང་བར་དམིགས་ནས་མི་རྣམས་ལ་སྔར་ལས་རིན་ཐང་ལྡན་པའི་མཉེན་ཆས་ཤེས་རྟོགས་བྱུང་བ་དང་། འདི་ལས་བོད་ལྗོངས་དང་གཞན་མཚོ་སྔོན་སོགས་བོད་ཁུལ་གྱི་དཔལ་འབྱོར་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་དང་། མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་སོགས་ལས་དོན་ལ་རྒྱབ་སྐྱོར་བཅས་བྱ་ཐུབ་པ་རེད།

ཚོགས་རའི་ཟུར་ཞིག

བྱ་དགའི་ལེགས་སྐྱེས།