2021ལོའི་ཟླ་10ནས་ང་ཚོ་མཉམ་དུ་མེ་འཁོར་བསྡད་དེ་ཉིང་ཁྲིར་འགྲོ།
སྤེལ་དུས 2020-01-02
ཡོང་ཁུངས། ལྷ་ས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཉིང་ཁྲིའི་མེ་འཁོར་འབབ་ཚུགས་ཀྱི་ལས་གྲྭ་དེ་2021ལོའི་ཟླ་10པར་བསྐྲུན་ཚར་བ་བྱ་རྒྱུ་ཡིན་པ།
ཉིང་ཁྲིའི་ས་ཚིགས་ཏེ་ཉིང་ཁྲིའི་མེ་འཁོར་འབབ་ཚུགས་ཡང་ཟེར་ཞིང་། དེའི་གནས་ཡུལ་ནི་བྲག་ཡིབ་ཆུས་བུ་ཆུ་ཤང་རྩིག་རགས་གྲོང་ཚོ་ཡིན་པ་དང་ཉིང་ཁྲི་གྲོང་ཁྱེར་གྱི་བརྒྱད་གཅིག་གྲོང་རྡལ་དང་བར་ཐག་སྤྱི་ལེ་19ཙམ་ཡོད་ལ། ཉིང་ཁྲིའི་སྨིན་གླིང་གནམ་ཐང་དང་བར་ཐག་སྤྱི་ལེ་30ཙམ་ཡོད་པ་རེད།
ཉིང་ཁྲིའི་མེ་འཁོར་འབབ་ཚུགས་ཀྱི་ཇུས་འགོད་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་15000ཟིན་པ་དང་།
འབབ་ཚུགས་གཉིས་དང་ལམ་ཐིག་6དང་། ས་སྟེང་དུ་ཐོག་སོ་གཉིས་དང་ས་འོག་གི་ཆ་ཤས་ཁག་ཏུ་འགྲུལ་པའི་འགྲོ་ལམ་དང་། མེ་གསོད་ཆུ་སྒོ་ཁང་། དེ་བཞིན་ཆུ་རྫིང་ཡིན་པ་རེད།
ཨར་སྐྲུན་གྱི་མཐོ་ཚད་ལ་སྨི་27.67ཟིན་གྱི་ཡོད་པ་དང་། ཁང་པའི་མཐོ་ཚད་ལ་སྨི་31.83ཟིན་པ། སྙོམས་ངོས་ཀྱི་བརྒལ་ཚད་ལ་སྨི་122.2m﹡སྨི་62.2ཟིན་ཡོད་པ་རེད། ལས་གྲྭ་དེ་སྤྱིའི་ཆ་ནས་ལེགས་གྲུབ་བྱེད་པའི་དུས་ཚོད་ནི་2021ལོའི་ཟླ་10པར་ཡིན་པ་རེད།
2019ལོའི་ཟླ་12པའི་ཟླ་མཇུག་ལ་ལྷ་ཉིང་ལྕགས་ལམ་གྱི་ལམ་གཞིའི་ལས་གྲྭ་གཙོ་བོ་སྤྱིའི་ཆ་ནས་ལེགས་སྒྲུབ་བྱུང་ཡོད།
ཟམ་པའི་ལས་གྲྭ་དེ་སྤྱི་ལེ་84.7ལེགས་སྒྲུབ་ཟིན་པ་དེས་ཇུས་འགོད་ཟིན་པའི་སྡོམ་འབོར་གྱི་བརྒྱ་ཆ་98.22ཟིན་པ་དང་།
ཕུག་ལམ་3ཕུད་དེ་བྱིངས་ཀྱི་ཕུག་ལམ་ཁྱོན་44ཤར་གཏོང་ཐུབ་པས་སྤྱི་ལེ་213.48ལེགས་གྲུབ་བྱུང་ཡོད་ཅིང་། ཇུས་འགོད་ཀྱི་སྡོམ་འབོར་གྱི་བརྒྱ་ཆ་98.62ལེགས་གྲུབ་བྱུང་ཡོད།
ཁང་པ་སྨི་ངོས་གྲུ་མ་140449བསྐྲུན་ཟིན་པ་དེ་ཇུས་འགོད་སྡོམ་འབོར་གྱི་བརྒྱ་ཆ་64.43ལེགས་གྲུབ་བྱུང་ཡོད་ཅིང་།
ད་དུང་ཁང་པ་སྨི་གྲུ་བཞི་མ་77551 སྐྲུན་རྒྱུར་བསྡད་ཡོད་པ་རེད།
སྔོན་དཔག་བྱས་ན་ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་2021ལོའི་ཟླ་12པའི་ཟླ་མཇུག་ཏུ་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་བྱ་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།