བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》མོས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་བ།

སྤེལ་དུས 2020-01-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་འཐུས་མི་རྣམ་པས་གྲོས་རིམ་ཁག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་གནང་བ། 
            ཚེས་11ཉིན་གྱི་ཕྱི་དྲོ། གསར་འགོད་པས《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》ལ་གྲོས་འཆམ་བྱུང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)མོས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་བས་2020ལོའི་ཟླ་5ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ་དང་དེ་ཐོག་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་གྱི་འཁོར་ལམ་ཐོག་བསྐྱོད་པ་མཚོན་ཐུབ། 
            《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་དང་བླང་བྱ་གལ་ཆེན་ལ་བརྩི་སྲུང་ཞུས་ནས། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་ཉམས་མྱོང་དང་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་མི་སྒེར་བཅས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་སྐུལ་འདེད་གཏོང་བའི་འགན་འཁྲི་དང་འོས་འགན་ཚད་ལྡན་བཟོས་ཡོད། ཁྲིམས་སྲོལ་ལས་རང་ལྗོངས་ཀྱི་ཞི་མཐུན་བརྟན་ལྷིང་གི་དུས་རབས་ཀྱི་ཁྱད་ཆོས་མངོན་གྱི་ཡོད་ལ། སྤྱི་ཚོགས་ཀྱི་ཕྱོགས་ཁག་གི་བྱ་སྤྱོད་ལ་རྒྱུན་མཐུད་སྣེ་ཁྲིད་བྱས་ནས་རང་ལྗོངས་རྒྱལ་ཡོངས་ཀྱི་སྔོན་ཐོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དུ་འཛུགས་གཏོད་བྱེད་པར་ཁྲིམས་ལུགས་ཀྱི་འགན་ལེན་ཐུབ་པ་ཡང་མཚོན་གྱི་ཡོད། 
            ཤེས་རྟོགས་བྱུང་བར་གཞིགས་ན། 《སྲོལ་ཡིག》ལ་ཁྱོན་ས་བཅད་8ཀྱི་དོན་ཚན་48ཡོད་པའི་ནང་སྤྱིའི་རྩ་དོན་དང་། ལས་ཀའི་འགན་འཁྲི། སྤྱི་ཚོགས་མཉམ་སྒྲུབ། དྲིལ་བསྒྲགས་སློབ་གསོ། གཟེངས་བསྟོད་གཏོད་པ། རྩ་འཛུགས་ཀྱི་འགན་ལེན། ཁྲིམས་ལུགས་ཀྱི་འགན་འཁྲི། ཞར་བྱུང་བཅས་ཚུད་པ་དེས་རང་ལྗོངས་སུ་ལག་ལེན་བསྟར་ནུས་ཆེ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་ལག་ལེན་གྲུབ་འབྲས་དེ་ཁྲིམས་སྲོལ་གྱི་དོན་ཚན་དུ་ཕབ་པ་སྟེ། 《སྲོལ་ཡིག》ནང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་ནང་དོན་གཙོ་བོ་དང་། དྲིལ་བསྒྲགས་ཀྱི་གཞི་རྟེན། དྲིལ་བསྒྲགས་བྱེད་སྟངས། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྒྱུན་རྣམ་ཅན་གྱི་ལམ་ལུགས་སོགས་གཏན་འཁེལ་བྱས་ཡོད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་སྒོའི་ལག་ལེན་གྱི་གྲུབ་འབྲས་སྔར་བས་ཟབ་ཏུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་སྒོ་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ། ཤང་དང་གྲོང་རྡལ། གྲོང་ལྷན། སློབ་གྲྭ དམག་སྒར། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་སོགས་སུ་ཁྱབ་གདལ་གཏོང་བར་སྐུལ་འདེད་དང་དཔེ་བཟང་ས་ཁུལ(གྲོང་ཁྱེར)དང་། དཔེ་བཟང་རྫོང(ཆུས) དཔེ་བཟང་ཤང་དང་གྲོང་རྡལ(ཁྲོམ་གཞུང) དཔེ་བཟང་གྲོང་ལྷན། དཔེ་བཟང་སྡེ་ཁུལ། དཔེ་བཟང་ཚན་པ་བཅས་འཛུགས་གཏོད་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ། 《སྲོལ་ཡིག》ནང་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་དཔྱད་འདེམས་གཟེངས་བསྟོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དོན་ཚན་སུམ་བཅུ་སོ་ལྔ་པར་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་གཟེངས་བསྟོད་སྤྱིར་ན་ལོ་གསུམ་རེར་ཐེངས་རེ་འཚོག་རྒྱུའི་གཏན་འཁེལ་བྱས་ཡོད་པ་དང་འབྲེལ། དོན་ཚན་དགུ་པའི་ནང་གསེས་དང་པོར་གཟེངས་བསྟོད་ཀྱི་བྱ་དགའ་སོགས་ཀྱི་ནང་དོན་ཁ་གསལ་བཏོན་ཡོད། 
རྩོམ་སྒྲིག་པ། སངས་སྐྱབས།