ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཉག་ཆུའི་མེ་སྐྱོན་བྱུང་སའི་མང་ཚོགས་ཚོ་འདི་ལྟར་བཀོད་སྒྲིག་བྱས་འདུག

སྤེལ་དུས 2024-03-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
           ཟླ3པའི་ཚེས15ཉིན་གྱི་ཆུ་ཚོད17ཙམ་ལ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཉག་ཆུ་རྫོང་མགར་ར་གྲོང་རྡལ་དཔེ་རྩེ་གྲོང་ཚོར་ནགས་ཚལ་གྱི་མེ་སྐྱོན་བྱུང་ཞིང་། མེ་སྐྱོན་བྱུང་རྗེས། དཀར་མཛེས་ཁུལ་གྱིས་མགྱོགས་མྱུར་འཕྲལ་སྡོམ་བརྡ་ལན་སློག་པ་དང་འབྲེལ་མི་སྣ་སྒྲིག་འཛུགས་བྱས་ཏེ་མེ་གསོད་ལས་དོན་ཧུར་ཐག་ངང་སྤེལ་བ་རེད།

ཉག་ཆུ་རྫོང་གི་ཁྲེང་ཀོན་ཆ་ཚང་སློབ་ཆུང་དང་པོའི་བཀོད་སྒྲིག་བྱ་ཡུལ།
           གསར་འགོད་པར་ཉག་ཆུ་རྫོང་ཁྲེང་ཀོན་ཆ་ཚང་སློབ་ཆུང་དང་པོའི་བཀོད་སྒྲིག་བྱ་ཡུལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། བཀོད་སྒྲིག་བྱ་ཡུལ་དེ་རུ་གེགས་སེལ་གུར29བརྒྱབ་ཡོད་ཅིང་། དེའི་ནང་མི160ཙམ་ཤོང་ཐུབ་པ་རེད། མགར་ར་གྲོང་རྡལ་དང་མཁར་རིང་ཞང་གི་མང་ཚོགས་ཁག་ཅིག་དེ་རུ་བཀོད་སྒྲིག་བྱས་ཡོད། བཀོད་སྒྲིག་བྱ་ཡུལ་གྱིས་མང་ཚོགས་ལ་མལ་ཆས་དང་། ལྟེབ་ཁྲི། གཏེར་ཆུ། འོ་མ། སྨན་རྫས་སོགས་རྒྱུན་སྤྱོད་དངོས་ཟོག་མཁོ་འདོན་བྱས་ཡོད།

ཉག་ཆུ་རྫོང་ཁྲེང་ཀོན་ཆ་ཚང་སློབ་ཆུང་དང་པོའི་བཀོད་སྒྲིག་བྱ་ཡུལ།
           གསར་འགོད་པར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནགས་ཚལ་དང་རྩྭ་ཐང་མེ་གསོད་མེ་ཟོན་བཀོད་འདོམས་པུའུ་ནས་སྔར་བས་རྒྱུས་ལོན་བྱུང་གསལ། ད་ཐེངས་ཀྱི་མེ་སྐྱོན་རོགས་སྐྱོབ་ཁྲོད་མི3396བདེ་འཇགས་ངང་གནས་སྤོ་ཐུབ་པའི་ཁྲོད། མི1384ཡིས་གཉེན་ཉེ་དང་གྲོགས་པོར་བརྟེན་པ་དང་། མི620གཅིག་སྡུད་བཀོད་སྒྲིག་བྱས་པ། མི1392ཁ་ཐོར་བཀོད་སྒྲིག་བྱས་ཡོད། མིག་སྔར་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ8(3ཅུང་ཆེ་བ་དང་དེ་བྱིངས་བྱེད་སྒོ་ཁང་ཡིན་པ)ཡོད་ཅིང་། བཀོད་སྒྲིག་བྱ་ཡུལ་ཁག་ལ་གློག་ཁུངས་དང་གློག་སྒྲོན་སྒྲིག་ཆས་མཁོ་འདོན་བྱས་ཡོད་ལ། བཀོད་སྒྲིག་བྱ་ཡུལ་ཁག་གི་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཕོར་ཟས་དང་། ལམ་ཟས། མེན་པའོ། འོ་མ་སོགས་བཟའ་བཅའ་སྐྱེལ་བ་དང་འབྲེལ། སྨན་བཅོས་ས་ཚིགས་བཙུགས་ཏེ་ཁྱིམ་ཚང་གི་རྒྱུན་གྲབས་སྨན་རྫས་མཁོ་འདོན་དང་བཀོད་སྒྲིག་བྱ་ཡུལ་ཁག་ཏུ་དུས་བཀག་ལྟར་དུག་སེལ་ཡང་བྱེད་ཀྱི་ཡོད། མིག་སྔར་འཕྲལ་སྡོམ་དངོས་ཟོག་སྣ་ཚོགས་གྲབས་གསོག་འདང་ངེས་ཡོད་པ་རེད།

ཉག་ཆུ་རྫོང་ཁྲེང་ཀོན་ཆ་ཚང་སློབ་ཆུང་དང་པོའི་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས།

རྩོམ་སྒྲིག་པ། རིག་གྲོལ།