ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལོ35རིང་གསེར་གྱི་རྟགས་མ100བླངས་པ།

སྤེལ་དུས 2024-03-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
            ཀྲུང་གོའི་རྒྱང་ཐུང་མྱུར་ཤུད་རུ་ཁག་གིས་ལོ་ངོ35རིང་གསེར་གྱི་རྟགས་མ100བླངས་ནས་ངོ་མཚར་གྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་ཡོད། གཤམ་ལ་ང་རྣམ་ཚོ་མཉམ་དུ་བརྙན་མཐོང་ཞིག་བརྒྱུད་དེ་ངོ་མཚར་གྱི་སྐད་ཅིག་མ་རེ་རེར་ཕྱིར་དྲན་ཞིག་གནང་བར་ཕེབས་དོ།
            གསེར་གྱི་རྟགས་མ100ཁྲོད་ནས་མཚོན་བྱེད་རང་བཞིན་ཁག་ཅིག་བདམས་ནས་ཞུས་ན།
            1989ལོའི་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་སྨི3000གི་བུ་མོའི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གི་རུ་མི་ཀོ་ཧུང་རུའུ་ཡིས་ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་ཐོག་མ་བླངས།
            1997ལོའི་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་སྨི500ཡི་བུད་མེད་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གི་རུ་མི་ཡང་ཡང་གིས་ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་ཨང10པ་བླངས།
            1999ལོའི་ཚོགས་པའི་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་བུད་མེད་ཚོགས་པའི་འགྲན་བསྡུར་ནང་ཀྲུང་གོའི་རུ་མི་ཡང་ཡང་དང་དབྱང་ཡང་། ཝང་ཁྲུན་ལུའུ། སུན་ཏན་ཏན་བཅས་ཀྱིས་ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་ཨང20པ་དེ་བླངས་པ། ཡང་ལོ་དེའི་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་སྐྱེས་པའི་འགྲན་བསྡུར་ནང་ཀྲུང་གོའི་རུ་མི་ལི་ཅཱ་ཅུན་གྱིས་ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་ཨང30པ་བླངས།
            2001ལོའི་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་བུད་མེད་ཀྱི་སྨི1500ཡི་འགྲན་བསྡུར་ནང་ཀྲུང་གོའི་རུ་མི་ཡང་ཡང་གིས་གསེར་གྱི་རྟགས་མ་ཨང40པ་དེ་བླངས་པ་དང་།  ཡང་ཁོང་གིས2002ལོའི་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་བུད་མེད་ཀྱི་སྨི1500ཡི་འགྲན་བསྡུར་ཁྲོད་སླར་ཡང་གསེར་གྱི་རྟགས་མ་བླངས་པ་དང་། དེ་ཡང་ཀྲུང་གོའི་རུ་ཁག་ལ་རྒྱང་ཐུང་མྱུར་ཤུད་འགྲན་བསྡུར་ཁྲོད་ཐོབ་པའི་གསེར་གྱི་རྟགས་མ་ཨང50པར་གྱུར་ཡོད།
            2006ལོའི་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་བུད་མེད་ཀྱི་སྨི1500ཡི་འགྲན་བསྡུར་ནང་ཝང་མོང་གིས་ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་ཨང60པ་བླངས།
            2009ལོའི་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་བུད་མེད་ཀྱི་སྨི3000གི་འགྲན་བསྡུར་ནང་ཀྲུང་གོའི་རུ་མི་ཀྲོའུ་ཡང་གིས་ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་ཨང70པ་བླངས།
            2012ལོའི་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་བུད་མེད་ཀྱི་སྨི500ཡི་འགྲན་བསྡུར་ནང་ཀྲུང་གོའི་རུ་མི་ཧྥན་ཁོ་ཤིན་གྱིས་ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་ཨང80པ་བླངས་པ་དང་། ཡང་ཁོང་གིས2015ལོའི་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་བུད་མེད་ཀྱི་སྨི500ཡི་འགྲན་བསྡུར་ནང་སླར་ཡང་གསེར་གྱི་རྟགས་མ་བླངས་ཤིང་དེ་ནི་ཀྲུང་གོའི་རུ་ཁག་གིས་བླངས་པའི་གསེར་གྱི་རྟགས་མ་ཨང90པར་གྱུར་ཡོད།
            2024ལོའི་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་སྐྱེས་པའི་སྨི1500ཡི་འགྲན་བསྡུར་ནང་ཀྲུང་གོའི་རུ་མི་སུན་ལུང་གིས་ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་ཨང་བརྒྱ་ཐམ་པ་དེ་བླངས་ཡོད།


རྩོམ་སྒྲིག་པ། རིག་གྲོལ།