ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མེ་ཞི་ཞང་ཀང་གི་རྐང་རྩེད་འགྲན་བསྡུར་ལ་མ་ཞུགས་པས་སྒོར50%ཕྱིར་སློག

སྤེལ་དུས 2024-03-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
           ཨ་ཀེན་ཐིན་གྱི་རྐང་རྩེད་སྤོ་ལོའི་ལུས་རྩལ་པ་གྲགས་ཅན་མེ་ཞི་ཟླ་སྔོན་མའི་ཞང་ཀང་གི་འགྲན་བསྡུར་ལ་མ་ཞུགས་པས། སྤ་སེ་ཉོ་མཁན་གྱི་ལྟད་མོ་བ་ཚོའི་རེ་བ་སྟོང་ཟད་དུ་བཏང་ཡོད། གཙོ་གཉེར་ལས་ཁུངསTatler Asiaཡིས་དེ་རྗེས་ཞེན་མི་ཚོར་སྤ་སེའི་རིན་གོང་ཕྱེད་ཀ་ཕྱིར་སློག་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཚེས18ཉིན་གཙོ་གཉེར་ཕྱོགས་ཀྱིས་དངུལ་ཕྱིར་སློག་པའི་ཇུས་གཞི་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།    
           Tatler Asiaགཞུང་གི་དྲ་ཚིགས་ཐོག་ཡོངས་བསྒྲགས་བྱས་དོན། གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད2024ལོའི་ཟླ2པའི་ཚེས4ཉིན་གྱི“ཞང་ཀང་རུ་ཁག་གིས་རྒྱལ་སྤྱིའི་མའེ་ཨ་མེCF”འགྲན་བསྡུར་གྱི་སྤ་སེ་ཉོ་མཁན་སྤྱི་དམངས་ལ་དངུལ50%སློག་རྒྱུ་བཀོད་སྒྲིག་བྱས་ཤིང་། དེའི་ནང་དུ་སྤ་སེའི་འགྲོ་ལུགས་ཀྱི་འགྲོ་གྲོན་དང་། འགྲོ་གྲོན་གཞན་དག་གམ་ཡང་ན་འགྲན་བསྡུར་དང་འབྲེལ་བ་ཡོད་པ་ཚང་མ་འདུས་ཡོད། ཡིན་ཡང་འགྲིམ་འགྲུལ་དང་ཞག་སྡོད་སོགས་ཀྱི་འགྲོ་གྲོན་དང་དེ་ལས་འདས་པ་རྣམས་ཕྱིར་མི་སློག 
           གཞུང་ཕྱོགས་ཀྱི་སྤ་སེའི་ལས་སྟེགས་བརྒྱུད་ནས2024ལོའི་ཟླ2པའི་ཚེས4ཉིན་མོར་སྤ་སེ་ཉོ་མཁན་རྣམས་ལ2024ལོའི་ཟླ3པའི་ཚེས18ཉིན་སྤ་སེའི་ལས་སྟེགས་བརྒྱུད་དེ་སྤ་སེ་ཉོ་སྐབས་སྤྱོད་པའི་སྦྲག་བསྐུར་གྱི་ས་གནས་སྟེང་དུ་འཕྲིན་བརྡ་འབྱོར་བ་དང་། གལ་ཏེ་སྦྲག་བསྐུར་བརྡ་འཕྲིན་མ་འབྱོར་ན། འཕྲིན་སྒམ་ནང་གི་གད་སྙིགས་འཕྲིན་ཡིག་ལ་ཞིབ་བཤེར་བྱ་དགོས། 
           སྤྱི་དམངས་ཀྱིས་ངེས་པར་དུ་ཞང་ཀང་གི་དུས་ཚོད2024ལོའི་ཟླ4པའི་ཚེས12ཉིན་གྱི་ཆུ་ཚོད23དང་སྐར་མ59ཡི་གོང་ལ་ཡིག་ལན་བསྐུར་དགོས་པ་དང་། 50%ཡི་སྤ་སེའི་རིན་གོང་ཕྱིར་སློག་གི་དོན་ཚན་དང་ཞིབ་སྲོལ་དང་ལེན་བྱེད་དགོས། དངུལ་ཕྱིར་སློག་བྱེད་མཚམས་འཇོག་པའི་དུས་ཚོད་ནི(2024ལོའི་ཟླ4པའི་ཚེས12ཉིན)ཉིན་གྱི་རྗེས་ཀྱི་ཉིན30ནང་ཚུན་དུ་ཐག་གཅོད་བྱ་རྒྱུ་རེད།  

རྩོམ་སྒྲིག་པ། རིག་གྲོལ།