ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཆུའེ་ཆའོ་རྟཊ་ཅན་ཨང་གཉིས་པའི་རྒྱུན་མཐུད་སྲུང་སྐར་འཕེན་གཏོང་བྱས་པ།

སྤེལ་དུས 2024-03-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

            ཚེས20ཉིན་གྱི་ཆུ་ཚོད8དང་སྐར་མ31ཐོག ཟླ་དཔྱད་འདུ་འགོད་ཀྱི་དུས་ཐེངས་བཞི་པའི་ཆུའེ་ཆའོ་རྟགས་ཅན་ཨང་གཉིས་པའི་རྒྱུན་མཐུད་སྲུང་སྐར་དེ་རྒྱང་སྐྱོད་ཨང་བརྒྱད་པའི་ལམ་ཐག་རིང་བའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་གསུམ་པ་ནས་ཀྲུང་གོའི་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་བདེ་བླག་ངང་འཕེན་གཏོང་བྱས་པ་རེད། ཆུའེ་ཆའོ་རྟགས་ཅན་ཨང་གཉིས་པའི་རྒྱུན་མཐུད་སྲུང་སྐར་ནི་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་དུས་ཐེངས་བཞི་པའི་རྗེས་མཐུད་ལས་གྲྭའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པའི་ངོས་ནས་ས་དང་ཟླ་བའི་གོ་ལའི་དབར་གྱི་སྦྲེལ་ཟམ་གསར་པ་བཙུགས་ནས། ཟླ་བའི་ལྷ་མོ་ཨང་བཞི་པ་དང་ཟླ་བའི་ལྷ་མོ་ཨང་དྲུག་པ་སོགས་ཀྱི་ལས་འགན་ལ་ས་དང་ཟླ་བའི་གོ་ལའི་དབར་གྱི་མཐུད་འབྲེལ་འཕྲིན་གཏོང་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། རིག་གྲོལ།