ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྨ་ལྷོ་ཁུལ་དུ་ཁྱད་ལྡན་སློབ་ཚན་སློབ་གྲྭར་ཁྱབ་པ།

སྤེལ་དུས 2024-04-09 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།





                 ཟླ4པའི་ཚེས2ཉིན་གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་སློབ་འབྲིང་དུ་བསྐྱོད་པ་དང་། དཔྱིད་ཀྱི་ཉི་འོད་འཕྲོས་པ་དང་ལྷན་དུ་སྣག་ཚའི་དྲི་ཞིམ་གྱིས་ཁེངས་པའི་ཡིག་གཟུགས་སློབ་ཁང་ནང་ལོ་ཆུང་སློབ་མ་ཚོས་ནན་ནན་ཏིག་ཏིག་གིས་ཡི་གེ་འབྲི་ཡོད་པ་མཐོང་བྱུང་། རོང་བོ་གྲོང་རྡལ་སློབ་འབྲིང་གིས་བྱང་ཚད་སློབ་གསོ་དེ་སློབ་མ་ཚོའི“སེམས་ལ་ཟུག་པ་དང་འགུལ་སྐྱོད་སྟེང་མངོན་པའི”ལས་དོན་གཙོར་བྱས་ཏེ། སྤྱི་ཚོགས་ཚོགས་པའི་སློབ་ཚན་རྒྱ་ཆེར་བཏང་ཞིང་། རི་མོ་དང་ཡིག་གཟུགས་སོགས་ཁྱད་ལྡན་སློབ་ཚན་གསར་སྐྲུན་བྱས་པ་དང་འབྲོག་ཁུལ་གྱི་སློབ་མའི་དགའ་ཞེན་ཤེས་རྟོགས་དང་སྐུལ་འདེད་བྱེད་པ། འཕེལ་རྒྱས་བཅས་བཏང་བ་བརྒྱུད། སློབ་མས་ཡིག་གཟུགས་སྦྱོང་བ་དང་རི་མོ་འབྲི་བ། ངང་རྒྱུད་རིང་བ། སེམས་ཤུགས་འཕེལ་བ་བཅས་བྱས་ནས་ལོ་ཆུང་སློབ་མ་ཚོའི་ཀུན་སྤྱོད་བཟང་པོ་ཆགས་པར་སྐུལ་འདེད་གཏོང་བ་དང་སློབ་མ་ཡོངས་ལ་རང་ཉིད་མཐོར་འདེགས་སུ་གཏོང་བར་མཐུན་རྐྱེན་བསྐྲུན། 
རྩོམ་སྒྲིག་པ། རིག་གྲོལ།