ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷོ་རོང་རྫོང་གི་རྔུལ་ཤོད་ཁམ་བུའི་མེ་ཏོག་ལ་མཉམ་རོལ་བྱ།

སྤེལ་དུས 2024-04-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྷ་འབྲུག་རྒྱལ། ཡེ་ཤེས་བཟང་མོ།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ4པའི་ཚེས14ཉིན། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གི་རྔུལ་ཤོད་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་གཟའ་འཁོར་སྐབས་བཅུ་པ་རྔུལ་ཤོད་ཞང་དུ་འགོ་ཚུགས་ཤིང་། “གནའ་ལམ་ལ་བཅངས་པའི་བརྩེ་བ་ཟབ་མོ། ཁམ་བུའི་མེ་ཏོག་དང་འབྲེལ་བའི་ཕུགས་འདུན”ཞེས་པའི་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་རྔུལ་ཤོད་ཞང་ཁམ་བུའི་མེ་ཏོག་དམངས་སྲོལ་ཐང་ཆེན་དུ་སྤེལ་བ་དང་། མུའུ་ཁྲི་ཡི་ཁམ་བུའི་མེ་ཏོག་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་བཞད་ཡོད་ལ། རྔུལ་ཤོད་ཞང་ཡང་དཔྱིད་དཔལ་རབ་ཏུ་བཞད་པའི་རྣམ་པས་ཁེངས་ཡོད།
ལྷོ་རོང་རྫོང་གི་རྔུལ་ཤོད་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་གཟའ་འཁོར་སྐབས་བཅུ་པའི་འགོ་ཚུགས་མཛད་སྒོའི་ཡུལ་དངོས།
         འགོ་ཚུགས་མཛད་སྒོའི་ཐོག་ལྷོ་རོང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཞེ་ཝུན་ཀོང་གིས་ཤིས་ཚིག་གནང་ཞིང་། ཀྲུང་དབྱང་ཏང་གི་སློབ་གྲྭ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཡུན་ནན་སློབ་ཆེན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན་བཅས་ཀྱི་ཆེད་མཁས་པ་དང་མཁས་དབང་། དམག་སྡེ་བཅོ་བརྒྱད་པའི་གསར་བརྗེའི་སྔོན་རབས་པའི་མི་རབས་རྗེས་མའི་འཐུས་མི། ཆུས་དང་རྫོང་གི་སྐུ་མགྲོན་གྱི་འཐུས་མི། ཀྲུང་གོ་ལྕགས་ལམ་ཅུས་བཅུ་བཞི་པའི་སྐུ་མགྲོན་གྱི་འཐུས་མི། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི་སོགས་དང་། དེ་བཞིན་ཞིན་ཏུང་ཧྥང་སློབ་གསོ་ཚན་རྩལ་ཚོགས་པའི་ཏུང་ཧྲི་ཀྲང་དང་སྲོལ་གཏོད་པ། ཤར་ཕྱོགས་གསར་པའི་རིག་གནས་ཡུལ་སྐོར་ཚོགས་པའི་ཏུང་ཧྲི་ཀྲང་ཡུས་རྨིན་ཧུང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་འཁྲབ་སྟོན་ལེ་ཚན་ལ་གཟིགས་པ་རེད།
ལྷོ་རོང་རྫོང་གི་རྔུལ་ཤོད་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་གཟའ་འཁོར་སྐབས་བཅུ་པའི་འགོ་ཚུགས་མཛད་སྒོའི་ཡུལ་དངོས།
         འགོ་ཚུགས་མཛད་སྒོའི་གར་སྟེགས་ལེ་ཚན་ཧྲིལ་པོར“འཚོ་བ་གསར་པར་བསྟོད་གླུ་ལེན”དང“དུས་རབས་གསར་པར་བསྔགས་བརྗོད་བྱེད”“ཕུགས་འདུན་དོན་གཉེར་གྱིས་རྒྱང་ལམ་གསར་པར་བསྐྱོད”བཅས་ལེའུ་གསུམ་ལ་དབྱེ་ཡོད་ཅིང་།《གླུ་དབྱངས་ལེན་བཞིན་གནའ་བོའི་ལམ་བུར་བསྐྱོད》ཅེས་པའི་ཞབས་བྲོ་དང་བསྟུན་ནས་འཁྲབ་སྟོན་འགོ་ཚུགས་པ་དང་དེ་རྗེས་རིག་རྩལ་ལེ་ཚན་བཅུ་བཞི་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱས་པ་རེད། འཁྲབ་སྟོན་ཧྲིལ་པོས་ཡུལ་དངོས་ཀྱི་མང་ཚོགས་ལ་མིག་ཡིད་རྣ་བའི་དགའ་སྟོན་ཞིག་བཤམས་པ་མ་ཟད། རབ་ཏུ་བཞད་པའི་ཁམ་བུའི་མེ་ཏོག་ཁྲོད་ལྷོ་རོང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དང་ཧུར་སྐྱེད་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཞིག་དེ་བས་མངོན་ཡོད།
མང་ཚོགས་ཚོས་འཁྲབ་སྟོན་ལ་ལྟ་བཞིན་པ།
         གཞན་ཡང་། མཛད་སྒོའི་ཡུལ་དངོས་སུ་ད་དུང“ལྷོ་རོང་རྫོང་གི་རྔུལ་ཤོད་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་གཟའ་འཁོར་སྐབས་བཅུ་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་ཚོང་འདུས”གཉེར་ཡོད་ཅིང་། ཡུལ་སྐོར་བ་ཚོས་ཁམ་བུའི་མེ་ཏོག་དང་རིག་རྩལ་འཁྲབ་སྟོན་ལ་ལྟ་བ་དང་ཆབས་ཅིག ཚོང་འདུས་ནས་ལྷོ་རོང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱང་ཉོ་ཐུབ་པས། ཚོང་འདུས་ཐོག་མི་ཚོགས་ཀྱི་ཁེངས་ཡོད་ལ། ཡུལ་སྐོར་བ་ཚོས་ཀྱང་རང་ཉིད་ཀྱིས་དགའ་པོ་བྱེད་པའི་ཚོང་ཟོག་གཅིག་རྗེས་གཉིས་མཐུད་ངང་འདེམས་ཉོ་བྱེད་ཀྱིན་ཡོད། ཡུས་རྨིན་ཧུང་གི་ཚོགས་པ་ཡང་འགྲེམས་འཚོང་ཚོང་འདུས་འཚོག་ཡུལ་དུ་ཡོང་ནས་ཐད་གཏོང་དང་དྲིལ་བསྒྲགས་ངོ་སྤྲོད་བྱས་ནས། དེ་གར་ཡོད་པའི་དྲ་གྲོགས་ཚོར་ལྷོ་རོང་གི་ཐོན་རྫས་འོས་སྦྱོར་བྱེད་པ་དང་། བཟའ་བཅའ་ཁག་གཅིག་གི་བྲོ་བ་མྱོང་བ་དང་འབྲེལ་གདེང་འཇོག་ཀྱང་བྱས་ཏེ་ལྟད་མོ་བ་ཚོར་དཔྱད་གཞི་འཛིན་ས་མཁོ་འདོན་བྱེད་ཀྱི་ཡོད།
ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་ཚོང་འདུས་ཡུལ་དངོས་སུ་ཡུས་རྨིན་ཧུང་གི་ཚོགས་པས་ཐད་གཏོང་དང་དྲིལ་བསྒྲགས་ངོ་སྤྲོད་བྱེད་བཞིན་པ།
         ས་སྲོད་ཙམ་ལ། སྙན་འཇེབས་ལྡན་པའི་རོལ་དབྱངས་དང་བསྟུན་ནས་མེ་ཕུང་དགོང་ཚོགས་ཀྱང་འགོ་ཚུགས་ཤིང་། དམར་མདངས་བཀྲ་བའི་མེ་ལྕེའི་མཐའ་འཁོར་དུ་མི་རྣམས་ཀྱིས་དགའ་སྤྲོའི་ངང་སྒོར་གཞས་འཁྲབ་ནས་བྱེད་སྒོའི་མཐོ་རླབས་འཕྱུར་བ་དང་། མི་རིགས་མཐུན་སྒྲིལ་ཆེན་མོའི་དགའ་སྤྲོའི་གླུ་དབྱངས་གནས་དེར་དཀྲོལ་ལ། མི་རིགས་མཉམ་འདྲེས་ཆེན་མོའི་བྲོ་གར་ཡང་གནས་དེར་འཁྲབ་བཞིན་མཆིས། དེ་གར་ཡོད་པའི་ཡུལ་སྐོར་བ་ཚོས་ཐེངས་འདིའི་རྔུལ་ཤོད་ཞང་གི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོར་བློ་ཡིད་ཚིམ་པོ་དང་བསྔགས་བརྗོད་ཆེན་པོ་བྱེད་ཅིང་། ཚང་མས་ལེ་ཚན་དང་བྱེད་སྒོ་དེ་དག་ལས་བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་ཁམ་བུའི་མེ་ཏོག་དུས་ཚིགས་ཀྱི་ས་མཐོའི་ཉམས་འགྱུར་གང་ལེགས་མངོན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།