ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གཏམ་བཟང་། སྒོར་དུང་ཕྱུར5.14ཟིན་པའི་གན་རྒྱ་བཞག་འདུག

སྤེལ་དུས 2024-04-18 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
       ཟླ4པའི་ཚེས13ཉིན། ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པ་མཛེས་སྡུག་ལྡན་པའི་བེ་ཏའི་གྲོང་ཁྱེར་དུ་གྲགས་པའི་ཧའེ་ཁོའུ་རུ་འཚོགས་ཤིང་། འགྲེམས་ཁང་ཨང6པའི་འགྲེམས་གནས6T02ཏེ། བོད་ལྗོངས་འགྲེམས་ཁང་དུ་མི་ཧ་ཅང་མང་པོ་སླེབས་ཡོད།

འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཁང་།
       སྐབས་འདིའི་འཛད་རྫས་དངོས་མང་སྟོན་ཚོགས་སུ་བོད་ལྗོངས་འགྲེམས་ཁང་གིས“བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་སྐོར། ལག་གདང་སྦྲེལ་ནས་རྒྱང་ལམ་གསར་པ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། འགྲེམས་ཞུགས་ཁེ་ལས27གྱི་གྲགས་ཅན་ཁྱད་ལྡན་སྤུས་ལེགས་རྣམ་གསར་གྱི་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།

བོད་ལྗོངས་ནས་ཐོན་པའི་རྒུན་ཆང་།
       བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས། སྐབས་འདིའི་འཛད་རྫས་དངོས་མང་སྟོན་ཚོགས་སུ་ང་ཚོས་ཐོན་རྫས200ལྷག་ཙམ་ཁྱེར་ཡོད་པ་དང་། དེ་དག་ནང་མི་ཚང་མས་རྒྱུས་མངའ་ཆེ་བའི་ནས་ཀྱི་ཐོན་རྫས་དང་། ཚགས་ཤའི་བཟོས་རྫས། དབྱར་རྩྭ་དགུན་འབུ། ལྷད་མེད་སྦྲང་རྩི་སོགས་ཡོད་ལ། ད་དུང་རྒུན་ཆང་དང་། ཇ་ལོ། མི་རིགས་ལག་ཤེས་ཐོན་རྫས་སོགས་ཀྱང་ཡོད། ད་ཐེངས་འཛད་རྫས་དངོས་མང་སྟོན་ཚོགས་ལ་བརྟེན་ནས་བོད་ཀྱི་ཁྱད་ལྡན་ཐོན་རྫས་དང་སྤུས་རྟགས་འཛུགས་སྐྱོང་ཐད་ཀྱི་གསར་གཏོད་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ། བོད་ཀྱི་ཐོན་རྫས་བོད་ལ་བཙོངས་ཐུབ་པ་མ་ཟད། རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ལ་བྲིན་ཚོང་ཐུབ་པའི་རེ་བ་ཡོད་ཅེས་བཤད།

སྐུ་མགྲོན་གྱིས་བོད་ལྗོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལ་རྒྱུས་ལོན་བྱེད་བཞིན་པ།
       བོད་ལྗོངས་དྲིལ་བསྒྲགས་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་ཆེད། འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པར་བརྟེན་ནས། ཚེས14ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་ཀྱི་གན་འཇོག་མཛད་སྒོ་ཧའེ་ནན་ཧའེ་ཁོའུ་རུ་འཚོགས་ཤིང་། འོས་སྦྱོར་ཚོགས་འདུར་ཡུན་ནན་འཛུགས་སྐྲུན་མ་འཇོག་བོད་ལྗོངས་ས་ཁོངས་ཀྱི་སྤྱི་ཁྱབ་པུའི་རྣམ་གྲངས་དང་ཆབ་མདོའི་ཏ་ཐང་ནུས་རྒྱུ་གཙང་མའི་རྟེན་གཞིའི་ཐོན་ལས་གླིང་གི་རྣམ་གྲངས་ལ་གན་རྒྱ་བཞག་པ་རེད། རྣམ་གྲངས་འདི་གཉིས་གཙོ་བོ་ལྗང་མདོག་ཨར་ལས་རྒྱུ་ཆ་དང་ནུས་རྒྱུ་གཙང་མའི་སྐོར་ཡིན་ཞིང་། གྲོས་མཐུན་མ་འཇོག་སྒོར་དུང་ཕྱུར5.14ཟིན་གྱི་ཡོད།