ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

C929ལ་འཕེལ་རིམ་གསར་པ་བྱུང་འདུག

སྤེལ་དུས 2024-05-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
              ཨ་རིའི་འཛམ་གླིང་གསར་འགྱུར་དྲ་བར་ཟླ5པའི་ཚེས12ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་ནས་ཐོན་པའི་གནམ་གྲུ་ཆེ་གྲསC919ཚོང་ལས་འཕུར་སྐྱོད་བྱས་ནས་ལོ་གཅིག་འཁོར་ཉེར་ཡོད་ལ། ཀྲུང་གོས་རང་བརྟེན་ཞིབ་བཟོ་བྱས་པའི་གླིང་སྐྱོད་འགྲུལ་སྐྱེལ་གནམ་གྲུ་ཐོག་མC929ལའང་འཕེལ་རིམ་གསར་པ་བྱུང་ཡོད། 
              ཚེས9ཉིན་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཧྲང་ཧའེ་མཁའ་འགྲུལ་གནམ་གྲུའི་འཕུར་སྐྱོད་འཚམ་མཐུན་ཞིབ་བཤེར་གཏན་འབེབས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པC919རྟགས་ཅན་གྱི་གནམ་གྲུའི་རིགས་ཀྱི་ཚད་ལོན་ཞིབ་བཤེར་གཏན་འབེབས་ཞིབ་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་ཅེ་ཡུས་ཝུན་གྱིས། ཀྲུང་གོའི་ཚོང་ལས་གནམ་གྲུར་འཕུར་སྐྱོད་འཚམ་མཐུན་རེ་ཞུ་མ་བྱས་གོང་གི་འབྲེལ་ཡོད་ལས་དོན་སྤེལ་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་ལོ་མཇུག་ཏུ་དམངས་སྤྱོད་མཁའ་འགྲུལ་ཅུས་ལ་རྟགས་ཅན་དེའི་ཚད་ལོན་ལག་ཁྱེར་རེ་ཞུ་བྱ་རྒྱུ་རེད། ཧྲང་ཧའེ་ཞིབ་བཤེར་གཏན་འབེབས་ལྟེ་གནས་ཀྱང་དུས་འགོའི་ཞིབ་འཇུག་ནང་ཞུགས་ཤིང་། དུས་འགོའི་ཞིབ་འཇུག་ནང་ཞུགས་ཚེ་ཚད་གཞི་དེ་བས་ལེགས་པ་བཟོ་ཐུབ་པ་དང་ལག་རྩལ་གྱི་དཀའ་གནད་ཤེས་རྟོགས་ཐུབ་རྒྱུར་རྨང་གཞི་འདིང་ཐུབ་ཅེས་བཤད། 

              ཤང་ཀང་གི《རིག་གནས་ཀུན་འདུས་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་ཚོང་དོན་གནམ་གྲུ་ཞབས་ཞུ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཐུང་ཡུས་ཀྱིས། C929ཡིས་ཐོག་མའི་ཇུས་འགོད་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པས“མི་རིང་བརC929ཡི་མ་དབྱིབས་གནམ་གྲུ་མཐོང་ཐུབ”ཅེས་བཤད་པ་དང་། ཁོང་གིས་ད་དུང་ཚོད་དཔག་བྱས་པར་གཞིགས་ན། C929མགྱོགས་མྱུར་ཚོད་ལྟའི་ངང་འཕུར་སྐྱོད་བྱེད་སྲིད་པ་དང་། འབྲེལ་ཡོད་འཕུར་སྐྱོད་འཚམ་མཐུན་གྱི་ཞིབ་བཤེར་གཏན་འབེབས་ལས་དོན་རེ་ཞུ་བྱ་རྒྱུའི་གྲ་སྒྲིག་བྱེད་འགོ་བཙུགས་ཟིན་པ་མ་ཟད། ད་ལོའི་ལོ་མཇུག་ཏུ་དམངས་སྤྱོད་མཁའ་འགྲུལ་ཅུས་ལ་རེ་ཞུ་འབུལ་རྩིས་ཡོད་པ་རེད། 
              དེ་སྔོན་ཀྲུང་གོ་ཚོང་དོན་གནམ་གྲུ་ཀུང་སིས་གནས་ཚུལ་སྤེལ་བར་གཞིགས་ན། C929རྣམ་གྲངས་ཀྱི་མཉམ་འབྲེལ་འགག་སྒྲོལ་གྱི་འགོ་ཚུགས་ཚོགས་ཆེན་ཟླ4པའི་ཚེས15ཉིན་འཚོགས་ཤིང་། ཚོགས་ཞུགས་ཆེད་མཁས་པའི་ཁྲོད་སྤྱིའི་རླུང་སྒུལ་དང་། གནམ་གྲུའི་གྲུབ་ཆ། མཉམ་འདུས་རྒྱུ་ཆའི་གྲུབ་ཆ། མཁའ་འགྲུལ་གློག་ཤུགས། འཕྲུལ་ཆས་མ་ལག སྐུལ་འདེད་མ་ལག་སོགས་ཆེད་དོན་ཚོགས་ཆུང་དྲུག་ལ་དབྱེ་ནས་དུས་ཡུན་གཟའ་འཁོར་གཅིག་རིང་བགྲོ་གླེང་བྱ་རྒྱུ་རེད།

རྩོམ་སྒྲིག་པ། དཔལ་གཡང་།