ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཟླ4རིང་རྒྱལ་ཡོངས་ཀྱི་སྤྱི་པའི་སྔོན་རྩིས་ཀྱི་འཕེལ་ཁ་བཟང་བ།

སྤེལ་དུས 2024-05-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

            ཚེས20ཉིན་ནོར་སྲིད་པུས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཟླ་དང་པོ་ནས་བཞི་པའི་བར་ལ་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར80926ཟིན་པ་དེ་དུས་མཚུངས་ལས2.7%ཆག་ཡོད་མོད། འོན་ཀྱང་དམིགས་བསལ་རྒྱུ་རྐྱེན་འཐེན་འཕྲི་བྱས་ནས་བསྡུར་ན2%ཙམ་འཕར་ཐུབ་པ་དེའི་ཐོག་ནས་སླར་གསོའི་རང་བཞིན་གྱི་འཕར་ཚུལ་མངོན་ཡོད་པ་རེད། དེའི་ནང་ཁྲལ་བསྡུའི་ཡོང་འབབ་དུས་མཚུངས་ལས4.9%ཆག་ཡོད་མོད། འོན་ཀྱང་དམིགས་བསལ་རྒྱུ་རྐྱེན་འཐེན་འཕྲི་བྱས་ནས་བསྡུར་ན0.5%ཡས་མས་འཕར་ཐུབ་ཡོད་པ། ཁེ་ལས་ཀྱི་ཐོབ་ཁྲལ0.9%འཕར་བ། རླངས་འཁོར་ཉོ་སྒྲུབ་ཀྱི་དཔྱ་ཁྲལ6.2%འཕར་བ། མི་སྒེར་གྱི་ཐོབ་ཁྲལ7%ཆག་ཡོད་པ་རེད། དེ་བཞིན་ཕྱིར་གཏོང་ཁྲལ་སློག18.8%འཕར་ནས་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།


            གཏོང་སྒོའི་ཐད་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར89483ཟིན་པ་དེ་དུས་མཚུངས་ལས3.5%འཕར་ནས་འཕར་ཚད་དུས་ཚིགས་དང་པོ་ལས་ཅུང་མཐོ་བ་ཡོད་པ་རེད། གཏོང་སྒོའི་ཁྱབ་ཁོངས་གཙོ་བོ་ནི་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། སློབ་གསོ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ། ཞིང་ལས་དང་ནགས་ལས། ཆུ་བེད། སྡོད་ཁང་འགན་སྲུང་བཅས་ཚུད་ཡོད་པས་ཚང་མ་འཕར་ཡོད་ཅིང་། གཞི་གྲངས་དེ་དག་ལས་སྲིད་གཞུང་གིས་གཙོ་གནད་ཁྱབ་ཁོངས་ཀྱི་གཏོང་སྒོ་འགན་ལེན་ཐུབ་ནས་དཔལ་འབྱོར་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་གསལ་བཤད་ཐུབ་ཡོད།


རྩོམ་སྒྲིག་པ། རིག་གྲོལ།