ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཡོངས་ཀྱི་སྐོར་གཟིགས་སྐོར་ཞིབ་ལས་དོན་ཚོགས་འདུ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་སྐོར་གཟིགས་རེས་སྐོར་ལྔ་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ།

སྤེལ་དུས 2024-06-05 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ཟླ་6ཚེས་3ཉིན། ལྗོངས་ཡོངས་ཀྱི་སྐོར་གཟིགས་སྐོར་ཞིབ་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་སྐོར་གཟིགས་རེས་སྐོར་ལྔ་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཞུགས་ནས་གསུང་བཤད་གནང་བ།
        ཟླ་6ཚེས་3ཉིན། ལྗོངས་ཡོངས་ཀྱི་སྐོར་གཟིགས་སྐོར་ཞིབ་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་སྐོར་གཟིགས་རེས་སྐོར་ལྔ་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
        སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ལྗོངས་ཡོངས་ཀྱི་སྐོར་གཟིགས་སྐོར་ཞིབ་ལས་དོན་ཏན་ཏིག་སྒྲུབ་དགོས།
        ཚེས་3ཉིན། བོད་ལྗོངས་ཡོངས་ཀྱི་སྐོར་གཟིགས་སྐོར་ཞིབ་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་སྐོར་གཟིགས་རེས་སྐོར་ལྔ་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ལྗོངས་ཡོངས་ཀྱི་སྐོར་གཟིགས་སྐོར་ཞིབ་ལས་དོན་ཏན་ཏིག་བསྒྲུབས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཀྲུང་དབྱང་སྐོར་གཟིགས་ལས་དོན་གྱི་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་ཀྱང་གནང་བ་རེད།
        ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་སྐོར་གཟིགས་ལས་དོན་གྱི་སྲོལ་ཡིག་ལག་བསྟར་ནན་ཏན་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་རེས་སྐོར་ལྔ་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་སྐོར་གཟིགས་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་སྐོར་གཟིགས་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྐོར་གཟིགས་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
        ཆབ་སྲིད་ཀྱི་སྐོར་གཟིགས་སྐོར་ཞིབ་ཀྱི་ངེས་གནས་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ། ཆབ་སྲིད་ཐད་ལྷག་བསམ་རྣམ་དག་དང་། ཆབ་སྲིད་ཀྱི་བདེ་འཇགས། ཆབ་སྲིད་ཀྱི་འགན་འཁྲི། ཆབ་སྲིད་ཀྱི་ལངས་ཕྱོགས་བཅས་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་པ། ཆབ་སྲིད་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་བ་དང་། ཆབ་སྲིད་ཀྱི་ཁོར་ཡུག་གཙང་བཟོ། ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་བཅས་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཡིན་མིན་ཆེན་པོའི་གནད་དོན་མདུན་དུ་ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་ལ་ལྟ་སྐུལ་བྱེད་དགོས། ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། གཙོ་གནད་མངོན་གསལ་དོད་པ་དང་གནད་སྨིན་ལྟ་སྐུལ། ཏང་ཨུད(ཏང་ཙུའུ)ཀྱིས་འགན་ནུས་དང་འགན་འཁྲི་སྒྲུབ་པ་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཚུལ་ཤེས་རྟོགས་གཏིང་ཟབ་བཅས་བྱས་ཏེ། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ཕྲག་ཐོག་ཏུ་འཁུར་བ་དང་། ལག་ཏུ་དམ་འཛིན། སེམས་ལ་འཇོག་པ། བྱ་སྤྱོད་ཐོག་དོན་འཁྱོལ་བཅས་ལ་ལྟ་སྐུལ་བྱེད་དགོས། འགོ་ཁྲིད་ལས་བྱེད་པར་དོ་དམ་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “འགོ་ཁྲིད་པ་ཨང་དང་པོས”ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ལག་བསྟར་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར། ཚན་རིག་དང་མཐུན་པའི་ཐབས་ཇུས་སོགས་ཀྱི་གནས་ཚུལ་སྐོར་གཟིགས་ལས་དོན་གྱི་ནང་དོན་གལ་ཆེན་དུ་བརྩི་བ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དབང་ཆའི་ལྟ་བ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་ཡང་དག་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རང་གཅུན་ནན་པོ་དང་། རང་འགན་ནན་པོ་འཁུར་བ། ཁོངས་གཏོགས་ཁུལ་ལ་དོ་དམ་ནན་པོ་བཅས་བྱེད་དགོས། “རུལ་སུངས་མི་བྱེད་པ་གསུམ”ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱེད་པ་དང་། སྐོར་གཟིགས་སྐོར་ཞིབ་ཀྱི་ཟིལ་གནོན་གྱི་ནུས་པ་དང་། རྩ་ལག་མཉམ་བཅོས་ཀྱི་ནུས་པ། སློབ་གསོ་ཁྲིད་སྟོན་གྱི་ནུས་པ་བཅས་འདོན་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་བཅས་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་མུ་མཐུད་གཏོད་དགོས།
        ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འགན་འཁྲི་ནན་དུ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྐོར་གཟིགས་དག་ཐེར་དང་གྲུབ་འབྲས་སྤྱོད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གྲུབ་འབྲས་མཐོང་ཐུབ་པ་དང་ཕན་འབྲས་དོན་གཉེར་བྱེད་དགོས། དག་ཐེར་གྱི་བྱེད་པོའི་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་། དག་ཐེར་རྒྱུན་གཏན་གྱི་ལས་དོན་དང་མཉམ་འདྲེས། སྐོར་གཟིགས་ལྟ་སྐུལ་ཞིབ་ཚགས་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྐོར་གཟིགས་དག་ཐེར་གྱི་ལས་འགན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་བྱེད་དགོས། དག་ཐེར་ལྟ་སྐུལ་གྱི་འགན་འཁྲི་ཆེ་རུ་གཏོང་བ་དང་། དག་ཐེར་གྱི་དུས་འཁོར་ཧྲིལ་པོའི་འགན་འཁྲིའི་མ་ལག་དང་ལམ་ལུགས་ཀྱི་བརྒྱུད་རིམ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཆ་ལག་ཚང་བའི་ལས་ཀའི་གདུབ་ཟུམ་ཆགས་པར་བྱེད་དགོས། གྲུབ་འབྲས་ཕྱོགས་བསྡུས་ངང་སྤྱོད་པར་ཤུགས་སྣོན་རྒྱག་པ་དང་། སྐོར་གཟིགས་སྐོར་ཞིབ་ཀྱི་རྩ་བཅོས་ནུས་པ་འདོན་སྤེལ། ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྩ་ལག་མཉམ་བཅོས་ལ་སྐུལ་འདེད་གཏོང་དགོས།
        ཝང་ཅུན་ཀྲེང་གིས་བླང་བྱ་བཏོན་དོན། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་མཉམ་འགུལ་མཉམ་འབྲེལ་ལ་ཤུགས་སྣོན་བརྒྱབ་སྟེ་སྐོར་གཟིགས་སྐོར་ཞིབ་ཀྱི་ལས་དོན་ཚད་ལྡན་ཅན་དང་ཚན་རིག་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཀྱི་འགག་སྒོ་དང་། སྤྱོད་ལམ་གྱི་འགག་སྒོ ནུས་པའི་འགག་སྒོ སྤྱོད་ཚུལ་གྱི་འགག་སྒོ སྤྱོད་གཙང་གི་འགག་སྒོ་བཅས་ནན་པོར་བསྲུངས་ཏེ་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་དང་ལས་སྒོའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། མཉམ་འགུལ་མཉམ་འབྲེལ་གྱི་ལས་ཀའི་རྣམ་པ་གཏོད་པར་ཤུགས་སྣོན་རྒྱག་པ་དང་། སྒྲིག་བཤེར་ལྟ་བཤེར་དང་རྩ་འཛུགས། རྩིས་བཤེར། བསྡོམས་རྩིས་སོགས་ལྟ་སྐུལ་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། སྐོར་གཟིགས་སྐོར་ཞིབ་ཀྱི་གོང་འོག་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལས་ཀའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་རྒྱུན་མཐུད་ཆེ་རུ་གཏོང་དགོས། ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱེད་པ། འགན་འཁྲིའི་མཐའ་ཚད་ནན་པོ་སྲུང་བ་བཅས་བྱས་ཏེ། ལས་དོན་ལ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་གྱི་ཉམས་སད་ཐེག་པར་བྱེད་དགོས། སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྤྱོད་གཙང་གི་སྒྲིག་ཁྲིམས་སོགས་སྒྲིག་ཁྲིམས་ཁག་གི་བླང་བྱ་ནན་དུ་གཏོང་བ་བཅས་བྱས་ཏེ། སྐོར་གཟིགས་སྐོར་ཞིབ་ཀྱི་དཔུང་ཁག་སྒྲིག་ཁྲིམས་དམ་ནན་དང་སྤྱོད་ཚུལ་ལེགས་པོ་ཡོང་བར་བྱེད་དགོས།
        ཁྲེན་ཡུང་ཆི་དང་། ལིའུ་ཅང་། ལའེ་ཅའོ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་ཡོད།