ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར། ཟླ་༧པའི་ཚེས་༡༠ནས་༡༢བར་མཐའ་སྣེ་གསུམ་པའི་ཚན་རིག་ཚོགས་ཆེན་ཡོན་ནན་ཁོང་མེན་དུ་འཚོགས། ཚོགས་ཆེན་དུ་སའི་གོ་ལའི་མཐའ་སྣེ་གསུམ་པར་ཞིབ་འཇུག་གནང་བཞིན་པའི་འཛམ་གླིང་གི་མཁས་པ་རྩེ་གྲས་ཏེ་ཀྲུང་གོ་དང་། ཨ་རི། སི་བེ་དེན། འཇར་མན། སི་ཕེན། ཧིན་རྡི། བལ་བོ། དབྱི་ལང་། འཇའ་ཕན། ཧྥ་རེན་སི་སོགས་རྒྱལ་ཁབ་ཉི་ཤུ་ལྷག་གི་ཚན་རིག་པ་གྲགས་ཅན་དང་ན་གཞོན་ཞིབ་འཇུག་པ་༣༠༠ལྷག་གདན་གཅིག་ཏུ་འཛོམས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཧྲིའམ་ས་ཁམས་རིག་པ་བ་སོན་ཧོང་ལེ་ཚོགས་ཆེན་དུ་ཞུགས།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་འགོ་གཙོའམ་ཀྲུང་གོའི་མཚོ་བོད་མཐོ་སྒང་ཞིབ་འཇུག་ཚོགས་པའི་ལས་འཛིན་འགོ་གཙོ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ཡོན་ཧྲི་ཡོ་ཁྲན་ཏུང་ལགས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་འགོ་གཙོའམ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མཚོ་བོད་མཐོ་སྒང་སའི་གོ་ལའི་ཚན་རིག་གསར་གཏོད་ལྟེ་གནས་ཀྱི་ཀྲུའུ་རེན། ཀྲུང་གོའི་མཚོ་བོད་མཐོ་སྒང་ཞིབ་འཇུག་ཚོགས་པའི་ལས་འཛིན་འགོ་གཙོ་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ཡོན་ཧྲི། མཐའ་སྣེ་གསུམ་པའི་འཁོར་ཡུག་འཆར་གཞིའི་(Third Pole Environment-TPE)གྲོས་འདོན་པ་ཡོ་ཁྲན་ཏུང་གིས་མཚམས་སྦྱོར་གནང་བ་ལྟར་ན། ཐེངས་འདིའི་ཚོགས་ཆེན་ནི་མཐའ་སྣེ་གསུམ་པའི་འཁོར་ཡུག་གི་རྒྱལ་སྤྱིའི་འཆར་གཞི་(TPE)དང་། ཀྲུང་གོའི་མཚོ་བོད་མཐོ་སྒང་ཞིབ་འཇུག་ཚོགས་པ། (CSTP) ཧི་མ་ལ་ཡ།-ཁ་ལ་ཁུ་ནུ།-མཚོ་བོད་མཐོ་སྒང་(HKT)ཨུ་ཡོན་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ངང་འཚོགས་པ་ཞིག་ཡིན་པ་དང་ཆབས་ཅིག་འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཀྱང་ཚོགས་འདུར་རྒྱབ་སྐྱོར་གནང་བཞིན་ཡོད།
ཚོགས་འདིའི་དབུ་འབྱེད་མཛད་སྒོར་ཨ་རིའི་ཚན་རིག་གླིང་གི་ཡོན་ཧྲི་ལིང་ཉི་ཐང་མུ་སིན་ལགས་དང་། འཇར་མན་ཐུའུ་པེན་ཀུ་སློབ་ཆེན་གྱི་སའི་གོ་ལའི་དངོས་ལུགས་རིག་པའི་སློབ་དཔོན་ཨོ་བུན་ཨ་ཕེར་ལགས། ཀྲུང་གོའི་མཚོ་བོད་མཐོ་སྒང་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཨོ་དབྱང་ཧྭ་ལགས། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་ཀྲུའུ་ཞི་ཏ་བེ་ཀི་ལེ་མུ་སི་ལགས་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་གནང་།
ཨ་རིའི་ཚན་རིག་གླིང་གི་ཡོན་ཧྲི་ལིང་ཉི་ཐང་མུ་སིན་ལགས།
འཇར་མན་ཐུའུ་པེན་ཀུ་སློབ་ཆེན་གྱི་སའི་གོ་ལའི་དངོས་ལུགས་རིག་པའི་སློབ་དཔོན་ཨོ་བུན་ཨ་ཕེར་ལགས།
ཀྲུང་གོའི་མཚོ་བོད་མཐོ་སྒང་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཨོ་དབྱང་ཧྭ་ལགས།
འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་ཀྲུའུ་ཞི་ཏ་བེ་ཀི་ལེ་མུ་སི་ལགས།
མཐའ་སྣེ་གསུམ་པའི་འཁོར་ཡུག་འཆར་གཞི་(TPE)ནི་ཡོ་ཁྲན་ཏུང་ལགས་ཀྱིས་ལིང་ཉི་ཐང་མུ་སིན་ལགས་དང་འཇར་མན་ཚན་རིག་གླིང་གི་ཡོན་ཧྲི་བོ་ཁི་མོ་སིན་པོ་ཁི་ལགས་ལ་མཉམ་འབྲེལ་གནང་སྟེ་རྒྱལ་སྤྱིའི་རིམ་པ་རྩེ་གྲས་ཀྱི་ཚན་རིག་པ་རྣམས་ཀྱིས་༢༠༠༩ལོར་མཉམ་དུ་གྲོས་མགོ་བཏོན་པའི་རྒྱལ་སྤྱིའི་འཆར་གཞི་ཞིག་ཡིན། དེའི་རྗེས་སུ་སི་བེ་དེན་རྒྱལ་པོའི་ཚན་རིག་གླིང་གི་ཡོན་ཧྲི་ཁྲིན་ཏེ་ལང་ལགས་དང་རྒྱལ་སྤྱིའི་རི་ཁུལ་ལྟེ་གནས་ཀྱི་ཀྲུའུ་རེན་ཏ་བེ་མོར་ཏི་ཨིན་ལགས་ནང་དུ་ཞུགས་ཏེ་ལག་བསྟར་ཨུ་ཡོན་ལྷན་ཚོགས་བཙུགས་ནས་རྣམ་གྲངས་ལག་བསྟར་ལ་སྐུལ་འདེད་བྱས། འཆར་གཞི་འདི་ལ་ཕྱོགས་གཅིག་ནས་ས་བབ་ཀྱི་མཐུན་རྐྱེན་འཛོམས་པའི་མཐའ་སྣེ་གསུམ་པའི་མཐའ་ཁུལ་རྒྱལ་ཁབ་ཀྱི་ཚན་རིག་པ་ཡོད་ལ་ཕྱོགས་གཞན་ཞིག་ནས་ལག་རྩལ་གྱི་མཐུན་རྐྱེན་འཛོམས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཚན་རིག་པ་འཛོམས་པས་ཧ་ཅང་སྔོན་ཐོན་ཡིན་པའི་རྒྱལ་སྤྱིའི་གྲུབ་འབྲས་གཡུར་དུ་ཟ་བ་བླངས། ལིང་ཉི་ཐང་མུ་སིན་ལགས་ཀྱིས་བསྟན་དོན། འཆར་གཞི་འདི་ལ་ཆེད་ལས་མཁས་པའི་གླེགས་སྟེགས་བཙུགས་ནས་མཐའ་སྣེ་གསུམ་པར་མཉམ་འབྲེལ་གྱིས་ཚན་རིག་རྟོག་དཔྱོད་བྱེད་པ་ལས་གཞན་ད་དུང་དམིགས་ཡུལ་གལ་ཆེན་ཞིག་ཡོད་པ་ནི་ན་གཞོན་ཚན་རིག་པ་གསར་པ་བསྐྱེད་བསྲིང་བྱེད་རྒྱུ་དེ་ཡིན།

སི་བེ་དེན་ཀི་ཏི་པོ་སློབ་ཆེན་གྱི་སློབ་དཔོན་ནམ་སི་བེ་དེན་རྒྱལ་པོའི་ཚན་རིག་གླིང་གི་ཡོན་ཧྲི་ཁྲིན་ཏེ་ལང་ལགས་ཀྱིས་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་གནང་བཞིན་པའི་ཚུལ།
ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་མགོ་འཛིན་སྐུ་གཞོན་མ་ཡོ་མེན་ལགས་ཀྱིས་ཚོགས་བགོས་ཚོགས་འདུར་སྙན་ཞུར་འབུལ་བཞིན་པའི་ཚུལ།
སི་བེ་དེན་སི་ཏི་ཀིར་མོ་སློབ་ཆེན་གྱི་སློབ་དཔོན་Arjen p Stroevenལགས་ཀྱིས་ན་གཞོན་ཞིབ་འཇུག་པར་བསམ་བློ་བརྗེ་རེས་གནང་བཞིན་པའི་ཚུལ།
ཚོགས་ཆེན་ལ་བརྗོད་དོན་སྙན་ཞུ་ཚོགས་འདུ་དང་། བརྗོད་དོན་གྲོས་ཞིབ་ཚོགས་འདུ། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་ཚོགས་འདུ་ཆུང་བ། གྱང་ངོས་ཚགས་པར་བརྗེ་རེས་ཚོགས་འདུ། ན་གཞོན་ཚན་རིག་པའི་གླེང་སྟེགས། TPEགྲོས་ཞིབ་ཚོགས་འདུ། HKTགྲོས་ཞིབ་ཚོགས་འདུ། CSTPགྲོས་ཞིབ་ཚོགས་འདུ་སོགས་རྣམ་པ་སྣ་མང་མཆིས། དེའི་ཁྲོད་དུ་བརྗོད་དོན་ཚོགས་འདུར་རིགས་བགར་བ་ལ་སའི་གོ་ལའི་འགུལ་ཤུགས་རིག་པ་དང་གནམ་གཤིས་འགྱུར་ལྡོག་ཅེས་པ་དང་། མཐའ་སྣེ་གསུམ་པའི་འཁྱགས་རོམ་ཁུལ་དང་ཆུའི་འཁོར་རྒྱུག མཐའ་སྣེ་གསུམ་པའི་རྟེན་འཚོ་མ་ལག སྐྱེ་དངོས་ཀྱི་སྣ་མང་། རྒྱུན་མཐུད་འཕེལ་རྒྱས་སོགས་ཚོགས་ར་ལྔ་བཀོད་སྒྲིག་བྱས་ཡོད།
མཐའ་སྣེ་གསུམ་པའི་ཚན་རིག་ཚོགས་ཆེན་གྱི་ཚོགས་ར་གཙོ་བོ།
ཐེངས་འདིའི་ཚོགས་ཆེན་ནི་ཀྲུང་གོའི་མཚོ་བོད་མཐོ་སྒང་ཞིབ་འཇུག་ཚོགས་པ་(CSTP)དང་། མཐའ་སྣེ་གསུམ་པའི་འཁོར་ཡུག་རྒྱལ་སྤྱིའི་འཆར་གཞིའི་(TPE)གཞུང་སྒྲུབ་ཁང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་(ITPCAS)། ཧི་མ་ལ་ཡ-ཁ་ལ་ཁུ་ནུ།-མཚོ་བོད་མཐོ་སྒང་(HKT)༢༠༡༧ལོའི་ཨུ་ཡོན་ལྷན་ཚོགས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མཚོ་བོད་མཐོ་སྒང་སའི་གོ་ལའི་ཚན་རིག་གསར་གཏོད་ལྟེ་གནས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་ཁོང་མེན་རྩི་ཤིང་ཞིབ་འཇུག་ཁང་སོགས་ཀྱིས་མཉམ་དུ་སྒྲུབ་པ་ཞིག་ཡིན་ནོ། །