ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་སྐབས་དྲུག་པའི་རིག་གཞུང་ལོ་ཚོགས་དང་ཞིང་ལས་ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་ལྷ་སར་སྤེལ་བ།

སྤེལ་དུས 2018-06-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
    ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས13ཉིན། བོད་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་སྐབས་དྲུག་པའི་རིག་གཞུང་ལོ་ཚོགས་དང་ཞིང་ལས་ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་ལྷ་སར་སྤེལ་བ་དང་། གྲུབ་འབྲས་འགྲེམས་སྟོན་སྟེང་ཉེ་བའི་ལོ་ཤས་རིང་བོད་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་ཁྱབ་ཁོངས་ཁག་ཏུ་ལོན་པའི་ཞིང་ལས་ཚན་རྩལ་གྲུབ་འབྲས་མང་པོ་འགྲེམས་སྟོན་གནང་ཡོད་པ་མ་ཟད། ཀྲུང་གོའི་ལས་གྲྭ་ཁང་གི་ཡོན་ཧྲེ་ལིའུ་ཞུས་དང་ཁེང་ཀྲེང་ཧྲིང་། བོད་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཐེན་ཧྭ་བཅས་འབྲེལ་ཡོད་ཆེད་མཁས་དྲུག་གིས་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཐོག་བོད་ཀྱི་ཞིང་འབྲོག་ལས་ཐད་རིག་གཞུང་སྙན་ཞུ་ཕུན་སུམ་ཚོགས་པ་ཕུལ་ཡོད་པ་རེད།

བྱེད་སྒོ་སྤེལ་བའི་ཡུལ་དངོས།
    ཤེས་རྟོགས་བྱུང་པ་ལྟར་ན། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་དབུ་བརྙེས་ནས་ལོ་ངོ60དང་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ་ངོ40འཁོར་བའི་སྐབས་འདིར། ཞིང་འབྲོག་ལས་ཀྱི་ཚན་རྩལ་གྲུབ་འབྲས་འགྲེམས་སྟོན་སྤེལ་བ་འདིས་ནི་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཚན་རྩལ་ལས་ཀ་བྱེད་མཁན་དང་ཞིང་འབྲོག་ཁུལ་འཛུགས་སྐྲུན་མཁན། ཞིང་འབྲོག་མང་ཚོགས་རྣམས་ཀྱིས་ཐུན་མོང་ཐོག་ཧུར་ཐག་སྒོས《“གནས་མཆོག་གི་མངའ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་མཁན”ཞེས་པ་བརྗོད་གཞིར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གང་ལེགས་གནང་པའི་སྐོར་གྱི་བསམ་འཆར》གྱི་ལག་ལེན་ཁྲོད་ཞུགས་པར་སྐུལ་སློང་བྱས་ཏེ། ལྗོངས་ཡོངས་ཀྱི་ཚན་རྩལ་ཐོན་ཁུངས་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་སྟོབས་ཤུགས་སྐུལ་སློང་གང་ལེགས་གནང་ནས་བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་ཞབས་ཞུ་གནང་པ་དང་། བོད་ཀྱི་ཞིང་འབྲོག་ལས་རིགས་ལ“ཚན་རྩལ་གྱི་གཤོག་ཟུང”སྤྲོད་རྒྱུ་དེ་རེད།

ཚོགས་འདུའི་ཡུལ་དངོས།
    “ ལོ་ལྔ་ཚན་བཅུ་གཉིས་པའི” ཚུན། ཀྲུང་གོས་གསར་གཏོད་སྒུལ་ཤུགས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་གནང་པ་དང་། ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་གོམ་སྟབས་མངོན་གསལ་དོད་པོས་ཇེ་མགྱོགས་སུ་ཕྱིན་པ། གྲུབ་འབྲས་གཞན་སྒྱུར་དང་ཁྱབ་གདལ་གཏོང་ཤུགས་ལ་སྔར་བས་ཤུགས་སྣོན་བརྒྱབ་པ། ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཁྱབ་ཚད96%ལ་ས ཞིང་ལས་སྐྱེ་དངོས་གཙོ་བོ་རྨོ་འདེབས་བསྡུ་ལེན་དེ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད61% ལས་བརྒལ་བ། ཞིང་ལས་ཚན་རྩལ་ཡར་ཐོན་ལ་ནུས་པ་འདོན་ཚད56% ཟིན་པ་བཅས་བྱུང་ནས་ཞིང་ལས་ཚན་རྩལ་དེ་ཉིད་ཞིང་ལས་གྲོང་གསེབ་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་ཐག་གཅོད་རང་བཞིན་ལྡན་པའི་སྟོབས་ཤུགས་སུ་གྱུར་ཡོད་པ་རེད། ཞིང་ལས་ཚན་རྩལ་ཐད་ལོན་པའི་གྲུབ་འབྲས་ལ་ཀུན་གྱིས་དོ་སྣང་ཐོབ་ཡོད་པ་དང་། དེར་བསྟུན་གྲུབ་འབྲས་ཕུལ་བྱུང་ཁག་ཅིག་ཀྱང་ཐོན་ནས་སྤྱི་ཡོངས་ཀྱི་ཆུ་ཚད་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་ཁྲོད་སྔོན་ལ་སླེབས་ཡོད་པ་རེད། ད་རེས་ཀྱི་ཞིང་ལས་ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་སྟེང་། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱི་ནས་དང་ནོར་གནག  རྩྭ་ལས། སྐྱེད་ཚལ་སྒྱུ་རྩལ།  ཉ་ལས་སོགས་ལས་རིགས་ཐད་ལོན་པའི་ཞིང་ལས་ཚན་རྩལ་གྱི་གྲུབ་འབྲས40 ལྷག་ཙམ་འགྲེམ་སྟོན་གནང་སྟེ། བོད་ཀྱི་ཞིང་ལས་ཚན་རྩལ་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོ་ཕྱོགས་ཡོངས་ནས་མངོན་ཡོད་པ་རེད།