ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

འཕྱོངས་རྒྱས་ཆང་ཁྱིམ་ནས་ཆང་རིག་གནས་དུས་ཆེན་སང་ཉིན་འགོ་ཚུགས་རྒྱུ་ཡིན་པ།

སྤེལ་དུས 2018-06-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། སྐབས་གསུམ་པའི་ འཕྱོངས་རྒྱས་ཆང་ཁྱིམ་ནས་ཆང་རིག་གནས་དུས་ཆེན་དེ་ཟླ་6པའི་ཚེས་19ནས་20ཉིན་བར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོར་གཉེར་བ་རེད། སྐབས་འདིའི་འཕྱོངས་རྒྱས་ཆང་ཁྱིམ་ནས་ཆང་རིག་གནས་དུས་ཆེན་ལ་ངོ་མཚར་ཆེ་བའི་ལྟད་མོ་ཅི་ཡོད་ང་ཚོས་མཉམ་དུ་རྒྱུས་ལོན་བྱ།
དུས་ཚིགས་འདིའི་ཆང་ཁྱིམ་གྲོང་ཚོའི་རི་ལྡེབས་ཡོངས་སུ་པད་ཁའི་མེ་ཏོག་བཞད་ཡོད།
           ཆང་ཁྱིམ། ནས་ཆང་གི་ཕ་ས་སྟེ་བོད་ཀྱི་“ཞིམ་མངར་ནས་ཆང་གི་ཕ་ཡུལ་”ཞེས་པའི་མཚན་སྙན་ཡོད། བོད་ལྗོངས་ལྷོ་རྒྱུད་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་ལྷོ་ངོགས་ཀྱི་འཕྱོངས་རྒྱས་ལུང་གཞུང་དུ་ཡོད། རྫོང་ཁོངས་ཀྱི་ནུབ་བྱང་གི་ཁ་ཕྱོགས་ཡིན། ཆ་སྙོམས་ས་བབ་མཐོ་ཚད་སྨི་3800ཡས་མས་དང་། འགྲིམ་འགྲུལ་ཧ་ཅང་སྟབས་བདེ།
ཆང་ཁྱིམ་གྲོང་ཚོའི་ཞིང་སྡེའི་ཡུལ་ལྗོངས།
           ལྷ་སའི་མཁར་གྲོང་ནུབ་མའི་འགྲུལ་སྐྱེལ་འབབ་ཚུགས་སུ་ལྷོ་ཁ་རྩེད་ཐང་གི་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ཆོག(སྤྱི་ལེ་157ཡོད། རླངས་འཁོར་ཆེན་པོ་མི་རེར་སྒོར་60དང་། རླངས་འཁོར་ཆུང་བ་མི་རེར་སྒོར་75 ཚོང་དོན་རླངས་འཁོར་མི་རེར་སྒོར་75ཡིན། )   དེ་ནས་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོར་འགྲོ་བའི་རླངས་འཁོར་ལ་བརྗེ་དགོས།(ཧ་ལམ་སྤྱི་ལེ་26ཡོད་པ་དང་། དུས་ཚོད་ནི་ཉིན་རེའི་ཕྱི་དྲོའི་དུས་ཚོད་3ནས་3:30བར་རླངས་འཁོར་གཏོང་བ་དང་།  སྤྱི་སྤྱོད་རླངས་འཁོར་འབྲིང་རིགས་མི་གཅིག་ལ་སྒོར་12ཡིན།)
ཆང་ཁྱིམ་གྲོང་ཚོའི་ཞིང་གྲོང་གི་འགྲུལ་ཁང་།
           ས་འདིར་སྐད་གྲགས་ཆེ་བའི་ཆང་ཁྱིམ་གཞིས་ཀ་ནི་བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་ངོ་མཚར་ཆེ་བའི་སྐྱེས་བུ་མཁན་པོ་བྱམས་པ་ཐུབ་དབང་གི་བཞུགས་གནས་རྙིང་པ་ཡིན། བོད་ལྗོངས་“མི་སྣ་གྲགས་ཅན་གྱི་བཞུགས་གནས་རྙིང་པ་”ཞེས་འབོད་སྲོལ་ཡོད། ད་དུང་བོད་ལྗོངས་ས་ཁུལ་གྱི་བཀས་བཀོད་རྒྱུད་འཛིན་རྒྱལ་རབས་དུས་སྐབས་ཀྱི་སྐུ་བྲག་འབྲིང་ཆུང་གི་གཞིས་ཀ་སྟེ་—— ཆང་ཁྱིམ་གཞིས་ཀ་ཡོད། 2013ལོའི་ཟླ་12པར་“བོད་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་”ཀྱི་གྲས་སུ་བཞག་ཡོད།
ཆང་ཁྱིམ་གཞིས་ཀ
           ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འཕྱོངས་རྒྱས་ཆང་ཁྱིམ་ནས་ཆང་རིག་གནས་དུས་ཆེན་གྱིས་“མཛེས་སྡུག་ལྡན་པའི་མི་ཡུལ་གྱི་ཆང་ཁྱིམ་”བརྗོད་བྱ་གཙོ་བོར་བྱས་ཏེ།  སྲོལ་རྒྱུན་དམངས་སྲོལ་རིག་གནས་འཁྲབ་སྟོན་རིན་མེད་པར་གཟིགས་ཆོག་པ་དང་། བོད་རིགས་གླུ་བ་ནོར་བུ་བསམ་འགྲུབ་ཀྱིས་བརྩེ་བའི་ཁེངས་པའི་《ཆར་ཐིགས་》དང་། བོད་རིགས་གཞས་མ་སྐལ་བཟང་གཡུ་སྒྲོན་གྱིས་ཡིད་སེམས་འགུལ་བའི་《སྣང་ས་འོད་འབུམ་》གྱི་གླུ་དབྱངས་ལེན་པ། བྱམས་ཆེན་གཞིས་ཀ་དང་ཁྱད་ཆོས་ལྡན་པའི་(ཡུལ་ཟོག་འགྲེམས་ཁུལ་དང་པར་རིས་འགྲེམས་སྟོན།)བཀྲམས་སྟོན་ལ་རིན་མེད་དུ་གཟིགས་ཆོག  རིན་མེད་པར་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་དང་།  ཞིང་གྲོང་གི་བྲོ་བ་ལྡན་པའི་ཁ་ཟས།  མེ་ཕུང་དགོང་ཚོགས་ལ་རོལ་མྱོང་བྱས་ཆོག  ཆང་ཁྱིམ་ནས་ཆང་བཟོ་བའི་བརྒྱུད་རིམ་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་ལ་རིན་མེད་པར་ཞུགས་ཆོག
སྐབས་གསུམ་པའི་འཕྱོངས་རྒྱས་ཆང་ཁྱིམ་ནས་ཆང་རིག་གནས་དུས་ཆེན་གྱི་འཁྲབ་ཚན་རེའུ་མིག
           མཐའ་མར་ང་ཚོས་བརྙན་ཐུང་ཞིག་བརྒྱུད་ནས་བྱམས་ཆེན་ནས་ཆང་བཟོ་བའི་བརྒྱུད་རིམ་དང་བྱམས་ཆེན་སྒོར་གཞས་ཀྱི་མཛེས་པ་ལ་རྒྱུས་ལོན་ཅུང་ཙམ་བྱ།