ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་སྨན་ལུམས་ཏེ། བོད་ཤར་རྒྱུད་རི་ཁུག་གི་སྨན་ལུམས་ཀྱི་གསང་བ་འཚོལ་ཞིབ།

སྤེལ་དུས 2018-06-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ།  ཀྲུང་གོའི་སྲོལ་རྒྱུན་གྱི་དུས་ཆེན་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་མིང་གཞན་ལ་ཁྲུས་གསོལ་དུས་ཆེན་ཞེས་འབོད་ལ།  དབྱར་ཟླ་འབྲིང་པོའི་དུས་སུ་རྩི་ཤིང་གི་སྦྱོར་བ་ལྡན་པའི་ཁྲུས་གཞུང་ནང་སྨན་ལུམས་དུ་བསྡད་ནས་ནད་རིགས་སྔོན་འགོག་བྱེད་པའི་གོམས་སྲོལ་ཡོད་པ་དང་།  ཉིན་དེར། ཁྲུས་གསོལ་བྱེད་པ་ནི་མི་མང་པོ་ཞིག་གི་ཐུན་མོང་དྲན་ཤེས་སུ་ཆགས་ཡོད་པ་རེད།
          ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཉིན(ལུགས་རྙིང་གི་ཟླ་ལྔ་བའི་ཚེས་ཚེས་ལྔ)ནི་བོད་ཁུལ་གྱི་ལུང་པ་སོ་སོར་ཡང“སངས་རྒྱས་སྨན་བླའི་དུས་ཆེན”ཞེས་འབོད་སྲོལ་ཡོད་ལ། བོད་རིགས་མང་ཚོགས་རྣམས་ལྟར་ན་ལྔ་པའི་ཚེས་ལྔའི་དུས་ཆེན་ནི་སངས་རྒྱས་སྨན་བླ་སངས་རྒྱས་སྨན་བླའི་སྨན་མཆོག་དགེ་ཆུ་གཏོར་པའི་ཉིན་མོ་ཡིན་ལ། སངས་རྒྱས་སྨན་བླ་མ་མཆོག་གིས་དགེ་ཆུ་འདི་ཉིད་ཀྱིས་སྨན་རྩྭ་སྣ་ཚོགས་དང་།  མེ་ཏོག་ལོ་མའི་སྟེང་གཏོར་ཡོད་པ་དང་། མ་ཟད་སྨན་རྩྭ་འདི་རིགས་ལ་ཉིན་འདིར་དགེ་ཆུ་གཏོར་བའི་དབང་གིས་ནུས་པ་སྔར་བས་མཆོག་གྱུར་ཡིན་པར་བཤད་ལ། དེར་བརྟེན། བོད་རིགས་རྣམས་ཀྱིས་སངས་རྒྱས་སྨན་བླའི་དུས་ཆེན་ལ་ཁྲུས་གསོལ་བྱེད་པའི་གོམས་སྲོལ་ཡོད་པ་རེད།

རི་ཁུག་གི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་རི་དུང་སྨན་རྩིས་ཁང་། 
          བོད་ཤར་རྒྱུད་རི་ཁུག་གི་ཆབ་མདོ་གྲོང་ཁྱེར་རི་དུང་སྨན་རྩིས་ཁང་ནི་སྤོས་ལུང་བོད་ལུགས་གསོ་རིག་གི་རྒྱུན་འཛིན་པ་མི་རབས་བརྒྱད་པ་དྲང་སྲོང་གིས1971ལོར་བཙུགས་པ་ཡིན་ལ། ད་བར་དུ་འཕེལ་རྒྱས་བྱུང་ནས་རང་གི་བོད་སྨན་བཟོ་གྲྭ་དང་སྨན་རྩྭ་འདེབས་འཛུགས་རྟེན་གཞི་བཅས་ཡོད། དྲང་སྲོང་གི་བུ་བློ་བཟང་བསོད་ནམས་ནི་སྤོས་ལུང་བོད་ལུགས་གསོ་རིག་རྒྱུན་འཛིན་གྱི་མི་རབས་དགུ་པ་ཡིན་ལ། རི་དུང་སྨན་རྩིས་ཁང་ནས་བློ་བཟང་བསོད་ནམས་ཀྱིས་གསར་འགོད་པར་རི་དུང་སྤོས་ལུང་ལྷོ་ལུགས་བོད་ལུགས་གསོ་རིག་གི་ཐུན་མིན་བཅོས་ཐབས་སྟེ་སྨན་ལུམས་ཀྱི་གཏམ་རྒྱུད་སྐོར་གླེང་བྱུང་།

སྤོས་ལུང་བོད་ལུགས་གསོ་རིག་རྒྱུན་འཛིན་གྱི་མི་རབས་དགུ་པ་བློ་བཟང་བསོད་ནམས་ཀྱིས་གསར་འགོད་པར་བོད་ལུགས་གསོ་རིག་གི་ཤེས་བྱ་འགྲེལ་བཤད་གནང་བཞིན་པ།
          “ བོད་ལུགས་སྨན་ལུམས་ལ‘བདུད་རྩི་ལྔ་ལུམས’ཡང་ཟེར་ལ།  དེ་ཡང་ཐོག་དང་པོར་བོད་ལུགས་གསོ་རིག་གི་ཚད་ལྡན་གསུང་རྩོམ་སྟེ《རྒྱུད་བཞི》ནང་དུ་འཁོད་ཡོད་ཅིང་། ད་བར་ལོ་ངོ1300 ལྷག་གི་ལོ་རྒྱུས་ལྡན”བློ་བཟང་བསོད་ནམས་ཀྱིས་གསར་འགོད་པར་“རི་དུང་སྨན་རྩིས་ཁང་ནི་ལྷོ་ལུགས་བོད་ལུགས་གསོ་རིག་གི་ཁོངས་སུ་གཏོགས་ལ།ལོ་ངོ300ལྷག་ཙམ་རིང་གི་རྒྱུན་འཛིན་ལོ་རྒྱུས་ཁྲོད།ལྷོ་ལུགས་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་སྡེབ་སྟངས་ལེགས་སྒྲིག་དང་རྒྱུན་འཛིན། དར་སྤེལ་བཏང་ཡོད”ཅེས་བརྗོད་བྱུང་།
          བོད་ལུགས་སྨན་ལུམས་ནི་ཅི་ཞིག་ཡིན་ནམ་ཞེ་ན། མདོར་བསྡུས་ན་དེ་ནི་མིའི་ལུས་ཡོངས་བོད་སྨན་ཀྱི་གཤེར་ཁུའི་ནང་སྦངས་ཏེ། ཆུའི་དྲོད་ནུས་དང་སྨན་རྫས་ཀྱི་ནུས་པའི་འོག  མིའི་ལུས་ཀྱི་བ་སྤུའི་བུ་ག་ཕྱེ་བ་དང་། རྩ་དཀར་ནག་ཤར་གཏོང་ཐུབ་པར་གྱུར་ནས་སྨན་གྱི་ཕན་ནུས་ལྡན་པའི་ཆ་དེ་པགས་པའི་སྟེང་གི་བ་སྤུའི་བུ་ག་བརྒྱུད་ནས་སིམ་འཛུལ་བྱུང་ཞིང་། ལུས་སྟེང་གི་ཁྲག་རྩ་ཕྲ་མོས་བསྡུ་ལེན་བྱས་ནས་མྱུར་དུ་ནད་ཐོག་ཏུ་ཕན་པ་རེད།
          བོད་ལུགས་སྨན་ལུམས་ལ་ཁྱད་མཚར་ས་ཅི་ཞིག་ཡོད་དམ་ཞེ་ན། བློ་བཟང་བསོད་ནམས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རི་དུང་སྤོས་ལུང་ལྷོ་ལུགས་གསོ་རིག་གི་ཐུན་མིན་སྨན་ལུམས་གིས་རླུང་རླན་རང་བཞིན་གྱི་ཚིགས་ནད་དང་གྲུམ་བུ། རྩ་གཟེར།  རུས་ལྷག་སྐྱེས་བ། ཞ་བ། པགས་ནད་དང་དེ་བཞིན“ ལུང་ནད”སོགས་དང་། (བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་ཀྱིས་ངོས་འཛིན་བྱས་པ་ལྟར་ན། མིའི་ལུས་སྟེང་ན་རླངས་པ་དང་། མཁྲིས་ཁུ། འབྱར་ཁུ་བཅས་གཟུགས་རྒྱུ་གསུམ་པོ་ཡོད་ལ།   དེ་གསུམ་དོ་མཉམ་ཚེ་ལུས་པོ་བདེ་ཐང་ཡིན་པ་དང་། དོ་མི་མཉམ་ཚེ་བདེ་ཐང་མིན་པ་རེད།)དེ་བཞིན་ཁྲག་ཤེད་མཐོ་བའི་ནད་སོགས་ནད་རིགས་ལ་མངོན་གསལ་དོད་པའི་སྨན་བཅོས་ནུས་པ་ལྡན། དེང་རབས་ཀྱི་གསོ་རིག་ཞིབ་འཇུག་ལས་བདེན་དཔང་བྱས་པ་ལྟར་ན། བོད་ལུགས་སྨན་ལུམས་ཀྱིས་རླུང་རླན་རང་བཞིན་གྱི་ཚིགས་ནད་ལ་ཕན་ནུས་ཐོན་ཚད་ནི94.3%ཡིན་ལ། རླུང་རླན་འདྲ་བའི་ཚིགས་ནད་ཀྱི་ཕྲ་ཕུངCD8 ཇེ་མཐོར་གཏོང་པ་དང་ཕྲ་ཕུང CD4ཡི་ཆུ་ཚད་ཇེ་དམར་བཏང་པ་བརྒྱུད་ནད་འདིའི་ལེགས་སྒྲིག་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ་ཟེར།

རི་དུང་བོད་སྨན་བཟོ་གྲྭས་ཐོན་སྐྱེད་བྱས་པའི་བདུད་རྩི་ལྔ་ལུམས།
          “ ངེད་སྨན་རྩིས་ཁང་གིས་ལོ་ལྟར་སྨན་ལུམས་ལ་བརྟེན་ནས་སྨན་བཅོས་བྱས་པའི་ནད་པ་མི་གྲངས2000ལྷག་ཟིན་ལ། དེའི་ཁྲོདས་ས་གནས་རང་གི་མི་ཕུད། ད་རུང་མཚོ་སྔོན་དང་ཡུན་ནན། སི་ཁྲོན་བཅས་ནས་ཡོང་མཁན་ནད་པའང་ཡོད་རེད། མིག་སྔར་ངེད་སྨན་ཁང་ལ་ནད་རིགས་སྣ་ཚོགས་ལ་གསོ་བཅོས་བྱེད་ཐུབ་པའི་སྨན་ལུམས་སྡེབ་སྦྱོར30 ལྷག་ཙམ་ཡོད་རེད”ཅེས་བློ་བཟང་བསོད་ནམས་ཀྱིས་འགྲེལ་བཤད་གནང་བྱུང་། 《བོད་ལུགས་གསོ་རིག་བདམས་བསྒྲིགས》ཐོག་འཁོད་པར་གཞིགས་ན་། སྲོལ་རྒྱུན་བོད་ལུགས་སྨན་ལུམས་ཀྱི་སྡེབ་སྦྱོར‘བདུད་རྩི་ལྔ་ལུམས’ཀྱི་ནང་གི་ཤུག་པས་གཙོ་བོ་མཁལ་ནད་བཅོས་པ་སོགས་ལ་སྨན་བཅོས་བྱེད་ཐུབ་ཅིང་། དེ་དག་ལྔ་བོ་སྡེབ་པར་བརྟེན་གྲང་སེལ་བ་དང་ཚ་སེལ་དུག་འཇོམས། ཁྲག་རྒྱུག་པ། མཁལ་མ་དང་རྐེད་ཚིགས་ན་བ་སོགས་ལ་ཕན་ནུས་ཆེན་པོ་ཐོན་ཐུབ་ལ་དེའི་ཁར་གཞོགས་འདེགས་སྨན་སྣ་སྟེ་རྒྱ་རག་དང་གླ་རྩི་སོགས་བསྟེན་པ་ཡིན་ན། རྐང་ལག་རེངས་འཁུམས་ཀྱི་ནད་དང་ཕོ་བའི་མེ་དྲོད་ཉམས་པ།  མཆེར་པའི་ཁྲག་མི་འདང་པ། རྐེད་པ་འཁྱག་པ། རྨ་ཡི་རུས་ཟན་བཅས་པགས་ནད་རིགས་ཀྱང་བཅོས་ཐུབ་པ་རེད”ཅེས་ཟེར།

བོད་ལྗོངས་ཆབ་མདོ་གྲོང་ཁྱེར་རི་དུང་སྨན་རྩིས་ཁང་གི་དམངས་ཕན་ཆེད་སྤྱོད་ཀྱི་སྨན་འཁྲུད་རྒྱག་ཁུལ། 

བོད་ལྗོངས་ཆབ་མདོ་གྲོང་ཁྱེར་རི་དུང་སྨན་རྩིས་ཁང་ནང་གི་སྨྱོ་ནད་སྨན་ལུམས་སྨན་བཅོས་ཁང་། 
          དེ་ལས་གཞན། བོད་ལུགས་སྨན་ལུམས་ཀྱིས་ད་དུང་ཡི་མུག་པའི་ནད་སོགས་སྨྱོ་ནད་སོགས་བདེ་བར་འཁོད་པར་ཕན་ནུས་ལྡན་པ་རེད། བློ་བཟང་བསོད་ནམས་ཀྱིས་གསར་འགོད་པར། ཁོས་སྔོན་ཆད་བོད་ལུགས་སྨན་ལུམས་ཀྱི་བྱ་ཐབས་བརྒྱུད་ཡི་མུག་ནད་ཕོག་པའི་མཐོ་རིམ་སློབ་འབྲིང་གི་སློབ་མ་བུ་མོ་ཞིག་ལ་སྨན་བཅོས་བྱེད་ཐུབ་པ་བྱུང་ཡོད་དེ། བུ་མོ་སློབ་མ་འདིས་མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་གནོན་ཤུགས་ཆེ་དྲགས་པ་དང་བསམ་བློ་ཡི་མུག་པས། གཏུམ་སྤྱོད་ཆེ་ལ་རང་སྲོག་གཅོད་པའི་བསམ་ཕྱོགས་ཡོད་རེད། ཟླ་གསུམ་གྱི་བོད་ལུགས་སྨན་ལུམས་ཀྱི་སྨན་བཅོས་བྱས་པ་བརྒྱུད། བུ་མོ་དེའི་ནད་གཞིའི་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་ཅིང་། ད་ལྟའི་བར་དུ།  བློ་བཟང་བསོད་ནམས་ཀྱིས་ད་དུང་རྒྱུན་པར་ཁོ་མོ་དང་སྐད་འཕྲིན་ཁ་པར་གྱི་འབྲེལ་གཏུག་བྱས་ནས་མོའི་ནད་ལ་སེམས་ཁུར་བྱེད་བཞིན་ཡོད། ཡི་མུག་ནི་ནད་ཕོག་ཚད་མཐོ་བའི་ནད་ཅིག་ཡིན་ལ། སླར་འབྱུང་ཚད་མཐོ་བ་དང་། དབང་བོ་སྐྱོན་ཅན་དུ་གྱུར་བའི་ཚད་མཐོ་བ། རང་སྲོག་གཅོད་གྲངས་མཐོ་བའི་བསམ་པའི་གེག་རྐྱེན་ཞིག་ཏུ་གྱུར་ཡོད་ལ། འཛམ་གླིང་རང་བཞིན་གྱི་སྤྱི་པའི་འཕྲོད་བསྟེན་གྱི་གནད་དོན་ཞིག་རེད། རི་དུང་སྨན་རྩིས་ཁང་གིས་སྲོལ་རྒྱུན་གྱི་བོད་ལུགས་སྨན་ལུམས་ཀྱི་སྨན་བཅོས་བྱེད་ཐབས་བརྒྱུད་སེམས་ཁམས་ཀྱི་ནད་ལ་སྨན་བཅོས་བྱས་པ་ནི་ཕན་ལྡན་གྱི་ཚོད་ལྟ་ཞིག་རེད། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་རི་དུང་བོད་སྨན་ཞིབ་འཇུག་གསར་བཟོ་ལྟེ་གནས་ཏེ་ནང་དུ་རི་དུང་བོད་སྨན་རྟེན་རྫས་བཤམས་མཛོད་ཁང་དང་རི་དུང་བོད་སྨན་བཟོ་གྲྭ་ཡོད།

རི་དུང་བོད་སྨན་བཟོ་གྲྭ།

བོད་ལྗོངས་ཆབ་མདོ་གྲོང་ཁྱེར་རི་དུང་སྨན་རྩིས་ཁང་གི་ཞག་སྡོད་ཐོག་ཆེན།