ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མངོན་མིན་རིག་གནས་ཤུལ་བཞག་ལས་གཞིས་རྩེ་རྣམ་གླིང་གི་ཤངས་པའི་ལྷ་མོ།

སྤེལ་དུས 2018-06-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།

གཞིས་རྩེ་རྣམ་གླིང་གི་ཤངས་པའི་ལྷ་མོ་རྒྱུན་འཛིན་པ་ཚེ་རྡོར།

རྣམ་གླིང་ཤངས་པའི་ལྷ་མོ་ལྷ་སའི“རིག་གནས་ཤུལ་བཞག་ཉིན་མོར”འཁྲབ་སྟོན་གནང་པ།
                རྣམ་གླིང་ཤངས་པའི་ལྷ་མོ་འབག་སྔོན་ཤངས་པ་ལྷ་མོའི་ཁྲོད་ཀྱི་འཁྲབ་ལུགས་གལ་ཆེན་ཞིག་ཡིན་ཏེ།  པཎ་ཆེན་སྐུ་ཕྲེང་བརྒྱད་པ་དང་པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་གིས་ཤངས་པའི་ལྷ་མོར་ཅུང་མཐོང་ཆེན་གནང་གི་ཡོད་དེ།  ཁོང་རྣམ་པའི་རོགས་སྐྱོར་འོག་དེ་ཉིད་རིམ་གྱིས་སྟོབས་ཆེར་ཕྱིན་ནས་ལྷ་མོའི་ལུགས་ཤིག་ཏུ་ཆགས་པ་རེད། ཤངས་པའི་ལྷ་མོ་ནི་རྣམ་གླིང་རྫོང་གི་གྲོང་གསེབ་ལ་དར་ཁྱབ་ཆེ་ཞིང་། བཅིངས་འགྲོལ་མ་བཏང་བའི་ཡར་སྔོན་དུ་ཆེས་མིང་གྲགས་ཆེ་བའི་ཟློས་གར་མཁན་པོ་ནི་ཀུན་འགྱུར་རེད། གོ་ཐོས་སུ་ཀུན་འགྱུར་ལ་རིག་རྩལ་འཇོན་པོ་ཡོད་ལ་པྲ་ཆལ་རྩེད་རྒོད་ཞིག་དང་འཁྲབ་གཞུང་འཁྲབ་མཁས་པོ་ཡོད་ཅིང་། ཁོའི་སྔོན་གྱི་ཟློས་གར་པ་དཔལ་རྡོས་ཁོར་རྒྱུགས་ལེན་འདོད་མོད།ཐེངས་འགར་བླངས་ཀྱང་ལེན་ཐབས་མེད་པར་གྱུར་པ་དང་། ཁོ་ནི་པཎ་ཆེན་སྐུ་ཕྲེང་བརྒྱད་པས་བདམས་པའི་ཟློས་གར་མཁན་པོ་ཡིན་ལ། ཤངས་པའི་ལྷ་མོའི་ལོ་རྒྱུས་ཐོག་ཤུགས་རྐྱེན་ཆེ་ཤོས་ལྡན་པ་རེད།
                དེ་སྔར་ཤངས་པའི་ལྷ་མོ་ལྷ་སར་འགྲོ་མི་དགོས་མོད།  དེ་ལྟར་ནའང་ལོ་ཞིག་ལ་ཁྱུང་པ་ལྷ་མོའི་འཛིན་གྲྭ་ལྷ་སར་ཞོ་སྟོན་དུས་ཆེན་ལ་ཁྲལ་འཇལ་འཁྲབ་སྟོན་དུ་ཞུགས་པར་འགྲོ་དུས། ཡར་ཀླུང་གཙང་པོ་བརྒྱུད་སྐབས་གྲུ་ལོག་བརྒྱབ་ནས་འཁྲབ་སྟོན་པ་ཉུང་ཤས་ལས་ལྷག་མེད། དེ་བས་ཁོ་ཚོ་རྣམ་གླིང་དུ་ཕྱིན་ནས་ཤངས་པའི་ལྷ་མོའི་སྒྱུ་རྩལ་པ་ཁ་ཤས་བཙལ་ནས་ལྷ་སར་འཁྲབ་སྟོན་ལ་ཞུགས་པ་དང་། དེའི་རྗེས་ནས་ཤངས་པ་ལྷ་མོར་རིམ་བཞིན་ཤུགས་རྐྱེན་ཇེ་ཆེར་ཕྱིན་པས་རེས་སྐོར་ནས་ལྷ་སར《དྲི་མེད་ཀུན་ལྡན་》འཁྲབ་སྟོན་བྱེད་པར་གཏན་འཁེལ་གནང་པ་དང་།ཤངས་པའི་ལྷ་མོའི་ཁྱད་ཆོས་ནི་འཇང་དཀར་ཅུང་ཁད་ཉེ་པོ་ཡོད་ལ། ཕྱིས་སུ་ཇོ་མོ་ལུང་གི་རྣམ་པ་བསྡུ་ལེན་བྱས་ཡོད།
                ཤངས་པའི་ལྷ་མོ་ནི2006ལོར་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མིང་གཞུང་ཁག་དང་པོའི་ནང་བཅུག་པ་དང་། 2006 ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མིང་གཞུང་ཁག་དང་པོའི་ནང་བཅུག་ཡོད་པ་རེད།