ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་སར་ཀེ་ཊམ་འགྲན་བསྡུར་འགོ་ཚུགས་པ།

སྤེལ་དུས 2018-07-17 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། རྡོ་རྗེས་བསྒྲིགས།

          ཀེ་ཊམ་ལ“བོད་ལུགས་སྒྲོམ་སྟེགས་སྤོ་ལོ”ཞེས་ཀྱང་ཟེར། ཀེ་ཊམ་རྒྱག་སྟངས་ནི་སྒྲོམ་སྟེགས་ཐོག་གི་རྡོ་དཀར་ནག་ཁྲོད་ནས་རང་ཕྱོགས་ཀྱི་རྡོ་དང་དེ་བཞིན་མཐའ་མར་བླུགས་དགོས་པའི་རྡོ་དམར་པོ་དེར་རྒྱག་རྡོ་གཞུས་ཏེ་ཟུར་བཞི་རུ་ཡོད་པའི་ཨི་ཁུང་ནང་བླུགས་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན། བོད་རིགས་མང་ཚོགས་ཀྱིས་ལུས་རྩལ་རྣམ་གྲངས་དེར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ཅིང་། འདི་ནི་ལྷ་སའི་བདམས་ཐོན་པ་པ་སངས་ཚེ་རིང(གཡོན)གིས་ཀེ་ཊམ་རྒྱག་བཞིན་པ།
          ཟླ་7ཚེས་14ཉིན་ལྷ་སར་གཉེར་བའི་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་དང་སྐབས་བཞི་པའི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་ཀེ་ཊམ་འགྲན་བསྡུར་ནང་ལྷ་སའི་བདམས་ཐོན་པ་པ་སངས་ཚེ་རིང་ལ་ཨང་དང་པོ་ཐོབ་པ་རེད།